2013-09-16
གནས་སྐོར་དུ་ཡོང་མཁན་གྱི་རྒྱལ་ཁབ་ལ་གཞིགས་ན། ཨ་རི་ནས་མཚོ་སྔོན་ལ་གནས་སྐོར་དུ་ཡོང་མཁན་ནི་ཆེས་མང་བ་དང་། དེའི་རྗེས་ནས་ཧན་རྒྱལ་ཁབ་དང་འཇར་པན། ཨོ་སི་ཁྲུ་ལི་ཡ་བཅས་དང་། དེ་ན་ནིང་ལས་འགྱུར་ལྡོག་ཅུང་བྱུང་ཡོད་དེ། གཞི་གྲངས་ལས་མངོན་པ་ལྟར་ན་ཧན་རྒྱལ་ཁབ་ཀྱི་གནས་སྐོར་མི་གྲངས་འཕར་ཚད་ཅུང་མགྱོགས་ཤིང་། འཇར་མན་དང་ཧྥ་རན་སིའི་གནས་སྐོར་མི་གྲངས་ཅུང་ཉུང་བ་ཡིན།
གསར་འགོད་པས་མཚོ་སྔོན་ཞིང་ཆེན་གནས་སྐོར་ལས་དོན་ཁང་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་དབྱར་ཁར་མཚོ་སྔོན་ལ་གནས་སྐོར་དུ་ཡོང་མཁན་གྱི་ཕྱི་རྒྱལ་བ་ཇེ་མང་དུ་སོང་ཞིང་། སྤྱི་ཟླ7པར་མཚོ་སྔོན་ལ་གནས་སྐོར་དུ་ཡོང་བའི་མེ་གླིང་དང་ཨེ་ཤ་ཡ་དཀྱིལ་དབུས་ས་ཁུལ་གྱི་གནས་སྐོར་མི་ཐེངས་དུས་མཉམ་ལས་སོ་སོར61.01%དང49.04%ཇེ་མང་ལ་སོང་ཡོད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10