ཆུ་ཆེན་རྫོང་གིས༼ དགོན་སྡེའི་དཔེ་ཁང ༽འཛུགས་པ་དང་དཔེ་དེབ་གཏོང་སྤྲོད་བྱེད་པའི་མཛད་སྒོ་བསྡུས།

ཕག་གྲུབ་ཀྱིས་བསྒྱུར།    རྔ་བ་གསར་འགྱུར་དྲ་བ།    2013-09-13

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཆུ་ཆེན་རྫོང་གིས་རྫོང་རིག་རྩལ་རྒྱང་སྒྲོག་ཅུའུ་གསར་བ་རུ་དགོན་སྡེའི་དཔེ་ཁང་འཛུགས་པ་དང་དེ་མིན་དཔེ་དེབ་གཏོང་སྤྲོད་བྱེད་པའི་མཛད་སྒོ་བསྡུས།

མཛད་སྒོའི་སྟེང་ཆུ་ཆེན་རྫོང་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་འཐབ་ཕྱོགས་གཅིག་གྱུར་པུའུ། རིག་རྩལ་རྒྱང་སྒྲོག་ཅུའུ་གསར་བ། ཆོས་ལུགས་ཅུའུ་བཅས་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣས་དགོན་པའི་དོ་དམ་ཚོགས་པ་དང་གྲྭ་བཙུན་སྐུ་ཚབ་པར་དགོན་སྡེའི་དཔེ་ཁང་གི་སྒོ་བྱང་གནང་བ་མ་ཟད། ད་རུང་ཁོ་ཚོར་འབྲེལ་ཡོད་དཔེ་ཆ་གཏོང་སྤྲོད་བྱས། རྒྱུས་ལོན་པ་ལྟར་ན།ཐེངས་འདིའི་མཛད་སྒོ་ལས་རྫོང་ཡོངས་ཀྱི་དགོན་སྡེ24ལ་དགོན་སྡེའི་དཔེ་ཁང་སྒྲིག་སྦྱོར་བྱས་པ་མ་ཟད། ད་རུང་དཔེ་དེབ18500དང་དཔེ་སྒྲོམ77། དེ་མིན་དཔེ་ཁང་དོ་དམ་ལམ་ལུགས་ཆ24བཅས་གཏོང་སྤྲོད་བྱས། དཔེ་ཆ་དེ་དག་གི་ནང་དོན་ཕུན་སུམ་ཚོགས་ཤིང་ཏང་གི་ལམ་ཕྱོགས་སྲིད་ཇུས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ། དེ་མིན་རིག་གནས་སློབ་གསོ། རྩོམ་རིག་སྒྱུ་རྩལ། ཚན་རིག་ལག་རྩལ། འཕྲོད་བསྟེན་བདེ་ཐང་སོགས་རིགས་མི་འདྲ་བ980འདུས་ཡོད་པ་རེད།  །

  • ལེ་ཚན་སྔོན་མ།:ཀྲུང་གོའི་བོད་སྐད་ཡིག་ཡིག་བསྒྱུར་ཆེད་མཁས་བྱ་བའི་ཚོགས་འདུ་ཁྱུང་མཆུ་རྫོང་ནས་འཚོགས།
  • ལེ་ཚན་རྗེས་མ།:གཏེར་ལེན་ཁ་གྲོང་ཁྱེར་གྱིས་དབུལ་ཕོངས་སློབ་མར་རོགས་སྐྱོར་སྒོར་ཁྲི307.6རྩིས་སྤྲོད་བྱས།
  • དོ་སྣང་ཆེ་བའི་རྩོམ།