རྔ་བ་གསར་འགྱུར་དྲ་བ། 2013-09-13
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་བསྒྱུར་ཅུའུ་ཡི2013ལོ་འཁོར་མོའི་བོད་སྐད་ཡིག་བསྒྱུར་ཆེད་མཁས་བྱ་བའི་ཚོགས་འདུ་དེ་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཁྱུང་མཆུ་རྫོང་ནས་འཚོགས། བོད་ལྗོངས་དང་མཚོ་སྔོན།ཀན་སུའུ།སི་ཁྲོན་སོགས་ཀྱི་ས་ཆ་ནས་ཡོང་བའི་བོད་ཡིག་ཆེད་མཁས་པ30ལྷག་དང་དེ་མིན་ཁྱུང་མཆུ་རྫོང་གི་འབྲེལ་ཡོད་མི་སྣ་བཅས་ཐེངས་འདིའི་གྲོས་ཚོགས་སུ་ཞུགས་ཡོད།རྒྱུས་ལོན་པ་ལྟར་ན།སྤྱི་ཟླ9པའི་ཚེས11ཉིན་གྲོས་ཚོགས་མཇུག་སྒྲིལ་རྒྱུ་ཡིན་ལ།བོད་ཡིག་ཆེད་མཁས་པས་ཐ་སྙད་གསར་བ450ལྷག་ལ་ཚོ་ཆུང་བགོས་ནས་ཞིབ་འཇུག་གྲོས་བསྡུས་བྱ་རྒྱུ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10