རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར། མཚོ་སྔོན་གསར་འགྱུར་དྲ་བ། 2013-09-13
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ9བའི་ཚེས10ཉིན། གསར་འགོད་པས་ཚེས14ཉིན་བསྡུ་རྒྱུ་ཡིན་པའི2013ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་ཁུ་ནུ་གཡང་ཊི་འགྲེམ་སྟོན་ཚོགས་འདུའི་གྲ་སྒྲིག་གནས་ཚུལ་ལ་བཅར་འདྲི་བྱེད་སྐབས་རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འགྲེམ་སྟོན་ཚོགས་འདུའི་སྟེང་གཙོ་སྒྲུབ་ལས་ཁུངས་ཀྱིས་གཡང་ཊི་གསལ་འབྱེད་ཆེད་མཁས་པ་དང་གཡང་ཊི་ཆེད་ལས་ལས་སྣོན་མི་སྣ་གདན་ཞུ་བྱས་ཏེ་གཡང་ཊི་གསལ་འབྱེད་བྱ་འགུལ་སྤེལ་ནས་འཛད་སྤྱོད་པ་དང་རྒྱ་ཆེའི་འགྲེམ་ཞུགས་ཚོང་བའི་ཁེ་ཕན་ལ་འགན་སྲུང་བྱེད་རྒྱུ་རེད།
རྒྱུས་ལོན་པ་ལྟར་ན། གཡང་ཊི་གསལ་འབྱེད་བྱ་འགུལ་ལས་གཞན། ཐེངས་འདིའི་འགྲེམ་སྟོན་ཚོགས་འདུའི་སྟེང་འགྲེམ་ཞུགས་ཚོང་བས་གཡང་ཊིའི་རྡོ་དང་གཡང་ཊིའི་ཐོན་རྫས། མུ་ཏིག་སོགས་ཁྱད་ཐོན་ཡུལ་དངོས་ནས་ཕམ་ཚོང་རྒྱག་རྒྱུ་ཡིན་པས་འགྲེམ་ཞུགས་ཚོང་བ་དང་རྒྱ་ཆེའི་མང་ཚོགས་ཀྱིས་ཚོང་རྫས་ལེགས་པོ་གང་མང་ཉོ་ཐུབ། གཞན་ཡང་གཙོ་སྒྲུབ་ལས་ཁུངས་ཀྱིས་གཉེན་སྟོན་མཐུན་ཚོགས་དང་མཉམ་དུ་ཡུལ་དངོས་ནས་གཡང་ཊི་མུ་ཏིག་དང་གཉེན་སྒྲིག་རྒྱན་ཆ་ཟུང་སྦྲེལ་གྱི་གཟུགས་བཟང་འགྲེམ་སྟོན་བྱ་འགུལ་སྤེལ་རྒྱུ་རེད།
རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་ཁུ་ནུ་གཡང་ཊི་འགྲེམ་སྟོན་ལ་ཚོང་བ་མང་པོ་ཚུར་བཀུགས་ཡོད་ལ། མིག་སྔར་པེ་ཅིན་དང་ཡུན་ནན། ཀྲེ་ཅང་། ཐའེ་ཝན། ཟི་ལིང་། ན་གོར་མོ་སོགས་ས་ཁུལ་གྱི་ཚོང་བ150ལྷག་འགྲེམ་སྟོན་ལ་ཞུགས་རྒྱུ་ཐག་བཅད་ཡོད་པ་དང་། དེའི་ནང་ཞིང་ཆེན་ནང་ཁུལ་གྱི་འགྲེམ་ཞུགས་ཚོང་བ70ལྷག་ཡོད། འགྲེམ་སྟོན་ཚོགས་འདུ་ལ་ཁྱད་ཐོན་འགྲེམ་ཁུལ6དང་ཚད་གཞི་ཅན་གྱི་འགྲེམ་གནས150ཡོད། མཚོ་སྔོན་གྱི་དམངས་ཁྲོད་བཟོ་རྩལ་ཐོན་རྫས་དང་མི་རིགས་རིག་གནས་ཁྱད་ལྡན་ཐོན་རྫས་ཐང་ག བརྩེགས་དྲུབ་སོགས་ཀྱང་འགྲེམ་སྟོན་བྱེད་རྒྱུ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10