རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྟེང་མཚོ་མོ་སྐྱིད་ཀྱིས་སྨི་ཁྲིའི་རྒྱང་རྒྱུག་གི་གསེར་གྱི་རྟགས་མ་བླངས།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2013-09-12

རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྟེང་མཚོ་མོ་སྐྱིད་ཀྱིས་སྨི་ཁྲིའི་རྒྱང་རྒྱུག་གི་གསེར་གྱི་རྟགས་མ་བླངས།
རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྟེང་མཚོ་མོ་སྐྱིད་ཀྱིས་སྨི་ཁྲིའི་རྒྱང་རྒྱུག་གི་གསེར་གྱི་རྟགས་མ་བླངས།

  ཟླ9པའི་ཚེས11ཉིན། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་སྟེང་སྐྱེས་མའི་སྨི10000གི་རྒྱང་རྒྱུག་འགྲན་སྡུར་ཁྲོད་མཚོ་སྔོན་གྱི་བོད་རིགས་འགྲན་ཞུགས་པ་མཚོ་མོ་སྐྱིད་ཀྱིས་སྐར་མ30དང་སྐར་ཆ55:66གི་རྒྱུག་འབྲས་ལ་བརྟེན་ནས་གསེར་གྱི་རྟགས་མ་བླངས་པ་རེད།

རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྟེང་མཚོ་མོ་སྐྱིད་ཀྱིས་སྨི་ཁྲིའི་རྒྱང་རྒྱུག་གི་གསེར་གྱི་རྟགས་མ་བླངས།
འགྲན་སྡུར་བྱེད་བཞིན་པའི་ཡུལ་དངོས།

  རྒྱུས་ལོན་བྱུང་བ་ལྟར་ན་འགྲན་སྡུར་ཁྲོད། མཚོ་མོ་སྐྱིད་ཀྱི་ལྷམ་སྟེང་ལ་འགྲན་ཡས་ཐེངས་གསུམ་ལ་སྤོས་པས་ཁོ་མོས་འགྲན་སྡུར་ལ་བར་ཆད་ཅུང་ཙམ་བཟོས་མོད། ཁོ་མོས་ཧུར་ཐག་དང་རྒྱུན་འཁྱོངས་བྱས་པར་བརྟེན་ནས་ཆེས་རྗེས་མའི་སྨི300ནང་ཇེ་མགྱོགས་སུ་བཏང་སྟེ་འགྲན་ཡ་གཞན་རྣམས་རིང་དུ་བསྐྱུར་ནས་འགྲན་སྡུར་གྱི་བྱ་དགའ་ཨང་དང་པོ་བླངས་པ་རེད།
  མཚོ་མོ་སྐྱིད་ཀྱིས་བཤད་རྒྱུར། ཁོ་མོས་བྱ་དགའ་ཨང་དང་པོ་བླངས་པ་ནི་ཡུན་རིང་ལ་མཐོ་སྒང་དུ་སྦྱོང་བརྡར་བྱས་པས་ཡིན་ཞེས་བརྗོད་ལ། ཁོ་མོའི་ཨ་ཕ་ཀུན་དགའ་ལགས་ཀྱིས་བཤད་པ་ལྟར་ན་ཁོ་མོ་ཆུང་དུས་ནས་རྒྱུག་རྒྱུར་དགའ་ཞིང་དེའི་ཕྱོགས་ལ་འཇོན་ནུས་ཆེན་པོ་ཡོད་པ་རེད།

  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱི་རྟ་པས་རྒྱལ་ཡོངས་རྟ་རྩལ་འགྲན་སྡུར་སྟེང་དངུལ་གྱི་རྟགས་མ་བླངས།
  • ལེ་ཚན་རྗེས་མ།:2013ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་ཁུ་ནུ་གཡང་ཊི་འགྲེམ་སྟོན་ཚོགས་འདུ་ཚེས14ཉིན་ཟི་ལིང་དུ་བསྡུ་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།