བོད་ལྗོངས་ཀྱི་རྟ་པས་རྒྱལ་ཡོངས་རྟ་རྩལ་འགྲན་སྡུར་སྟེང་དངུལ་གྱི་རྟགས་མ་བླངས།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2013-09-12

བོད་ལྗོངས་ཀྱི་རྟ་པས་རྒྱལ་ཡོངས་རྟ་རྩལ་འགྲན་སྡུར་སྟེང་དངུལ་གྱི་རྟགས་མ་བླངས།
 

བོད་ལྗོངས་རུ་ཁག་གི་རྟ་པ་སྤེན་པ་ཚེ་རིང་ལགས།

  ཟླ9པའི་ཚེས11ཉིན། བོད་ལྗོངས་རུ་ཁག་གིས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་སྣ་གསུམ་གྱི་རྟ་རྩལ་འགྲན་སྡུར་གྱི་ཚོགས་པའི་འགྲན་སྡུར་ཁྲོད་དངུལ་གྱི་རྟགས་མ་བླངས་པ་རེད། 
  2013ལོའི་ཟླ5པའི་ཚེས10ཉིན་ནས་ཚེས12ཉིན་བར་སྤེལ་བའི་རྒྱལ་ཡོངས་རྟ་རྩལ་འགྲན་སྡུར་གྱི་སྣ་གསུམ་གཟེངས་ཐོན་འགྲན་སྡུར་རམ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་སྔོན་འདེམ་འགྲན་སྡུར་སྟེང་བོད་ལྗོངས་ཀྱི་ལུས་རྩལ་བ་སྤེན་པ་ཚེ་རིང་ལགས་ཀྱིས་མི་སྒེར་གྱི་འགྲན་སྡུར་གྱི་བྱ་དགའ་ཨང་དང་པོ་བླངས་པ་དང་། བོད་ལྗོངས་འཐུས་ཚབ་རུ་ཁག་གིས་ཚོགས་པའི་འགྲན་སྡུར་གྱི་བྱ་དགའ་ཨང་གཉིས་པ་བླངས་མྱོང་བ་རེད།

  • ལེ་ཚན་སྔོན་མ།:གངས་ལྗོངས་འོ་སེར་ཇ་ཡིས་ཕྱུག་འགྱུར་ལམ་གྱི་སྒོ་ཕྱེ།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྟེང་མཚོ་མོ་སྐྱིད་ཀྱིས་སྨི་ཁྲིའི་རྒྱང་རྒྱུག་གི་གསེར་གྱི་རྟགས་མ་བླངས།
  • དོ་སྣང་ཆེ་བའི་རྩོམ།