གངས་ལྗོངས་འོ་སེར་ཇ་ནི་མཚོ་བོད་མཐོ་སྒང་གི་ཤར་ལྷོའི་མུ་འགྲམ་རང་ཁུལ་གྱི་ཧོར་བྲག་འགོའི་ཡུལ་དུ་ཐོན་པ་ཡིན། རྒྱ་མཚོའི་ངོས་ལ་མཐོ་ཚད་སྨི3000ནས་སྨི5000ཡི་གནས་སུ་སྐྱེ་བའི་རི་སྐྱེས་འོ་སེར་ཤིང་གི་ལོ་མ་དང་ཡལ་ག་བེད་སྤྱོད་གཏོང་བ་ཡིན། སྲོལ་རྒྱུན་དང་དེང་རབས་ཀྱི་བཟོ་རྩལ་དང་འབྲེལ་ནས་གྲུབ་པའི་ཇ་ཡི་ཚབ་བྱེད་འཐུང་ཆས་སུ་གྱུར་ལ། ཁྲག་ཚིལ་དང་ཁྲག་གི་མངར་ཆ་འཇོམ་ཐུབ་ལ། ཁྲག་ཤེད་དམའ་རུ་ཕྱིན་པའི་ནུས་པ་ཡོད་པ་རེད།
མིག་སྔར། རང་ཁུལ་དུ་གངས་ལྗོངས་འོ་སེར་ཇ་འཐུ་སའི་རྟེན་གཞི་མུའུ་ཁྲི4ཡོད་པ་དང་། སྤྱི་གཉེར་ཁང་ཐོག་རྟེན་གཞི་དང་ཞིང་དུད་བསྣན་པའི་མཉམ་འབྲེལ་བྱེད་སྟངས་སྤྱད་ནས་གཞི་ཁྱོན་ལྡན་པའི་ཕན་འབྲས་ཐོབ་པར་བརྟེན། བྲག་འགོ་དང་། དར་མདོ། རྟའུ། དཀར་མཛེས། ཉག་རོང་། དཔལ་ཡུལ། གསེར་ཐར་བཅས་རྫོང་ཁག7གྱི་ཞིང་འབྲོག་མི་དམངས་ཀྱི་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱས་པ་དང་། ལོ་རེར་ལས་རྐང་5000ལྷག་གསར་སྣོན་བྱས་ནས་ཞིང་འབྲོག་མི་དམངས་་ཚོས་མི་རེས་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་ལ་ཟིན་རག་ཐུབ་པ་རེད། གངས་ལྗོངས་འོ་སེར་ཇ་དེ་ཁམས་པའི་བོད་ཁུལ་གྱི་ཞིང་འབྲོག་མི་དམངས་ཚོའི་ཡོང་འབབ་འཕར་སྣོན་གཏོང་བའི་ཁྱད་ཆོས་ལྡན་པའི་ཐོན་ལས་སུ་འགྱུར་བཞིན་ཡོད་པ་རེད།