ད་ལོར་རང་ཁུལ་གྱི་བྱང་རྒྱུད་རྫོང་ཁག་དྲུག་གི་འབྲུ་རིགས་ཐོན་ཚད་བརྟན་པོའི་ངང་ནས་འཕར་སྣོན་བྱུང་།

དབྱངས་ཅན་གྱིས་བསྒྱུར།        2013-09-12

ཚན་རིག་དང་མཐུན་པའི་སྒོ་ནས་ད་ལོའི་འབྲུ་རིགས་དང་བཟའ་སྣུམ་ལོ་ཏོག་ཀྱི་ཐོན་ཚད་འགྲོ་ཕྱོགས་ལ་དབྱེ་ཞིབ་དང་ཚོད་དཔག་བྱེད་ཆེད། ཉེ་ཆར། ཁུལ་ཞིང་ལས་ཅུས་ཀྱི་བྱང་རྒྱུད་ལས་སྒྲུབ་ཚོ་ཆུང་གིས་རྟའུ་དང་། བྲག་འགོ དཀར་མཛེས། སྡེ་དགེ ། དཔལ་ཡུལ། ཉག་རོང་བཅས་རྫོང་དྲུག་གི་ནས་དང་། གྲོ ། ཞོག་ཁོག པད་ཁ་བཅས་ཀྱི་ལོ་ཏོག་ལ་རིགས་མཐོ་འབྲིང་དམའ་གསུམ་དབྱེ་ནས་ཐོན་ཚད་ཚོད་རྩིས་བྱས་པ་རེད།
    རྫོང་6གི་ཤང87དང་། གྲོང་ཚོ106 ། ས་ཚུགས301ལ་ཐོན་ཚད་ཚོད་རྩིས་བྱས་པའི་གཞི་གྲངས་ལ་ཁྱོན་ཡོངས་ནས་དབྱེ་གཞི་བྱས་པའི་གནས་ཚུལ་ལ་བལྟས་ན། ད་ལོར་ནས་ཀྱི་ཐོན་ཚད་ཆ་སྙོམས་མུའུ་རེར་སྤྱི་རྒྱ186ལ་ཟིན་པས་ན་ནིང་ལོ་དང་བསྡུར་ན་མུའུ་རེར་སྤྱི་རྒྱ0.5འཕར་སྣོན་བྱུང་ཡོད། གྲོ་ཡི་ཐོན་ཚད་ཆ་སྙོམས་མུའུ་རེར་སྤྱི་རྒྱ162ལ་ཟིན་པས་ན་ནིང་ལོ་དང་བསྡུར་ན་མུའུ་རེར་ཐོན་ཚད་སྤྱི་རྒྱ7མར་ཆག་ཡོད། ཞོག་ཁོག་འབྲི་རིགས་ཐོག་ཕབ་ནས་བརྩིས་ན་ཆ་སྙོམས་མུའུ་རེར་ཐོན་ཚདསྤྱི་རྒྱ339ལ་ཟིན་པས་ན་ནིང་ལོ་དང་བསྡུར་ན་མུའུ་རེར་སྤྱི་རྒྱ་110འཕར་སྣོན་བྱུང་ཡོད། པད་ཁ་ཆ་སྙོམས་མུའུ་རེར་ཐོན་ཚད་སྤྱི་རྒྱ་144ལ་ཟིན་པས་ན་ནིང་ལོ་དང་བསྡུར་ན་མུའུ་རེར་སྤྱི་རྒྱ18འཕར་སྣོན་བྱུང་ཡོད་པ་རེད།
    ད་ལོར་རང་ཁུལ་བྱང་རྒྱུད་ཀྱི་རྫོང་ཁག་དྲུག་གིས་ཐོན་ཚད་འཕར་སྣོན་ཡོང་བའི་བྱེད་ཐབས་སྣ་ཚོགས་སྤྱད་ནས་ཆ་ཚང་སྒྲིག་རྒྱུ་དོན་འཁྱོལ་བྱས་ཡོད་མོད། འོན་ཀྱང་ད་ལོའི་གནམ་གཤིས་དྲོ་གྲང་ཆ་མི་མཉམ་བས་དབྱར་ཐོག་བཟའ་སྣུམ་གྱི་ལོ་ཏོག་ལ་གནོད་སྐྱོན་ངེས་ཅན་ཐེབས་ཡོད། ཡིན་ན་ཡང་རྫོང་ཁག་དྲུག་གིས་ད་ལོའི་བཟའ་སྣུམ་གྱི་སྤྱིའི་ཐོན་ཚད་བརྟན་པའི་ཁྲོད་དུ་འཕར་སྣོན་བྱུང་ཡོད།
  • ལེ་ཚན་སྔོན་མ།:ཙེ་ཅང་ཞིང་ཆེན་ཁྲང་ཞིན་རྫོང་གིས་སྡེ་རོང་རྫོང་ཁ་གཏད་རོགས་སྐྱོར་ལས་ཀ་དངོས་སུ་སྤེལ།
  • ལེ་ཚན་རྗེས་མ།:གངས་ལྗོངས་འོ་སེར་ཇ་ཡིས་ཕྱུག་འགྱུར་ལམ་གྱི་སྒོ་ཕྱེ།
  • དོ་སྣང་ཆེ་བའི་རྩོམ།