ཙེ་ཅང་ཞིང་ཆེན་ཁྲང་ཞིན་རྫོང་གིས་སྡེ་རོང་རྫོང་ཁ་གཏད་རོགས་སྐྱོར་ལས་ཀ་དངོས་སུ་སྤེལ།
ལྷ་འཛོམས་ཀྱིས་བསྒྱུར། 2013-09-12
ཟླ་བ9པའི་ཚེས5ཉིན།ཙེ་ཅང་ཞིང་ཆེན་གྱི་ཧུའུ་ཀྲོའུ་གྲོང་ཁྱེར་ཁྲང་ཞིན་རྫོང་གིས་རང་ཁུལ་གྱི་སྡེ་རོང་རྫོང་དང་ཤར་ནུབ་རོགས་སྐྱོར་མཉམ་ལས་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན།2012ལོར་ཙེ་ཅང་ཞིང་ཆེན་ཁྲང་ཞིན་རྫོང་གིས་སྡེ་རོང་རྫོང་སྤུན་གསུམ་ཤང་གི་འགོ་སྟོད་ས་ཁུལ་གྱི་ཞིང་དུད150ཡི་ཉེན་ཁ་ཆེ་བའི་སྡོད་ཁང་བཟོ་བཅོས་བྱས་ནས་མ་དངུལ་སྒོར་ཁྲི300རོགས་སྐྱོབ་བྱས་པ།ད་ལོར་ཁྲང་ཞིན་རྫོང་གིས་རྫོང་དེའི་སྟར་ག་ཐོན་ལས་རྣམ་གྲངས་འཛུགས་སྐྲུན་དང་དབུལ་སྐྱོར་གྲོང་གསར་རྣམ་གྲངས་རོགས་སྐྱོར་བྱ་རྒྱུའི་འཆར་གཞི་ཡོད།རོགས་དངུལ་སྒོར་ཁྲི600ཐོག་སླེབས་པ་རེད།
ཐེངས་འདིའི་ཁ་གཏད་རོགས་སྐྱོར་བྱེད་རིང་སྡེ་རོང་རྫོང་ལ་ས་འགུལ་ཐེངས་མ་གཉིས་བྱུང་པས།ཁྲང་ཞིན་རྫོང་གི་མི་དམངས་ཀྱིས་སྡེ་རོང་རྫོང་གི་མི་དམངས་ལ་བརྩེ་དུང་ཟབ་མོ་བཅངས་ནས་ཞལ་འདེབས་མ་དངུལ་སྒོར་ཁྲི5ཞལ་འདེབས་ཕུལ་བ་རེད།