བདེ་ཆེན་མཚོ། མཚོ་སྔོན་པོ་དྲ་བ། 2013-09-11
《པེ་ཅིན་ས་ཁུལ་གྱི་བོད་ཡིག་དཔེ་རྙིང་དཀར་ཆག་ཆེན་མོ་ཤེས་བྱའི་གཏེར་མཛོད》པར་བསྐྲུན་འགྲེམ་སྤེལ་བྱས།
《པེ་ཅིན་ས་ཁུལ་གྱི་བོད་ཡིག་དཔེ་རྙིང་དཀར་ཆག་ཆེན་མོ་ཤེས་བྱའི་གཏེར་མཛོད》པར་བསྐྲུན་འགྲེམ་སྤེལ་བྱས།
ཉེ་ཆར། ངག་དབང་དཔལ་ལྡན་ལགས་ཀྱིས་གཙོ་སྒྲིག་བྱས་པའི《པེ་ཅིན་ས་ཁུལ་གྱི་བོད་ཡིག་དཔེ་རྙིང་དཀར་ཆག་ཆེན་མོ་ཤེས་བྱའི་གཏེར་མཛོད》(པོད་བཞི)དེ་ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་ནས་པར་བསྐྲུན་འགྲེམ་སྤེལ་བྱས།
རྒྱལ་ཁབ་རིམ་པའི་ལས་གཞི《པེ་ཅིན་ས་ཁུལ་གྱི་བོད་ཡིག་དཔེ་རྙིང་དཀར་ཆག་ཆེན་མོ་ཤེས་བྱའི་གཏེར་མཛོད》དེ་ལོ་ངོ་བཅུ་ལ་ཉེ་བའི་རིང་རྩོམ་སྒྲིག་བྱས་ཤིང་། དཔེ་ཚོགས་འདིའི་ཁྲོད་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་དཔེ་མཛོད་ཁང་དང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གླིང་གི་དཔེ་མཛོད་ཁང་། ཕོ་བྲང་རྙིང་མའི་དངོས་མང་བཤམས་སྟོན་ཁང་གི་དཔེ་མཛོད་ཁང་། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དཔེ་མཛོད་ཁང་། ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་། ཀྲུང་གོའི་མཐོ་རིམ་བོད་བརྒྱུད་ནང་བསྟན་སློབ་གླིང་གི་དཔེ་མཛོད་ཁང་། རྒྱལ་ཁབ་ཀྱི་མི་རིགས་ལོ་ཙཱའི་ལྟེ་གནས་ཀྱི་དཔེ་མཛོད་ཁང་། དགའ་ལྡན་བྱིན་ཆགས་གླིང་གི་དཔེ་མཛོད་ཁང་སོགས་པེ་ཅིང་དུ་ཡོད་པའི་བོད་འབྲེལ་ལས་ཁུངས་ཡོངས་ཀྱི་བོད་ཡིག་དཔེ་རྙིང་གི་དཀར་ཆག་འདུས་ཡོད་དེ། ཁྱོན་བསྡོམས་བསྟན་བཅོས5222ཀྱི་དཀར་ཆག་བསྒྲིགས་པ་དང་། དེར་རིགས53944དང་ཤོག་ངོས1290337ཡོད་པ་རེད།
《པེ་ཅིན་ས་ཁུལ་གྱི་བོད་ཡིག་དཔེ་རྙིང་དཀར་ཆག་ཆེན་མོ་ཤེས་བྱའི་གཏེར་མཛོད》པར་བསྐྲུན་འགྲེམ་སྤེལ་བྱས།
《པེ་ཅིན་ས་ཁུལ་གྱི་བོད་ཡིག་དཔེ་རྙིང་དཀར་ཆག་ཆེན་མོ་ཤེས་བྱའི་གཏེར་མཛོད》ཀྱིས་བོད་རིག་པའི་ཞིབ་འཇུག་པ་དང་འབྲེལ་ཡོད་ཀྱི་ཞིབ་འཇུག་མི་སྣ་རྣམས་ཀྱིས་པེ་ཅིན་ས་ཁུལ་གྱི་བོད་ཡིག་དཔེ་རྙིང་གི་ཁྱབ་ཚུལ་དང་བསྡུ་ཉར་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་བྱེད་པར་སྟབས་བདེ་བསྐྲུན་ཐོག པེ་ཅིང་ས་ཁུལ་གྱི་བོད་འབྲེལ་ལས་ཁུངས་ཀྱི་དཔེ་མཛོད་ཁང་དུ་ཉར་པའི་བོད་ཡིག་དཔེ་རྙིང་གི་ཁྱད་ཆོས་དང་རིག་གཞུང་ཞིབ་འཇུག་གི་རིན་ཐང་རྒྱུས་ལོན་བྱེད་ཐུབ་ཅིང་། བོད་ཀྱི་རིག་གནས་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་མཁན་རྣམས་ཀྱིས་སོ་སོ་མཁོ་འདོད་ལྟར་བོད་ཡིག་དཔེ་རྙིང་རྒྱུ་ཆ་འཚོལ་པར་མཐུན་རྐྱེན་བསྐྲུན་པས། བོད་རིག་པའི་རྨང་གཞིའི་ཞིབ་འཇུག་ཁྱབ་ཁོངས་ཀྱི་སྨིན་འབྲས་ཤིག་ཏུ་ལགས་སོ། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10