གཏེར་ལེན་ཁ་གྲོང་ཁྱེར་གྱིས་དབུལ་ཕོངས་སློབ་མར་རོགས་སྐྱོར་སྒོར་ཁྲི307.6རྩིས་སྤྲོད་བྱས།

མཚོ་སྔོན་གསར་འགྱུར་དྲ་བ།    རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།    2013-09-13

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་ནས་བཟུང་། མཚོ་སྔོན་ཞིང་ཆེན་གཏེར་ལེན་ཁ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཁག་གིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སློབ་གསོའི་ཁ་གསབ་རོགས་སྐྱོར་མ་དངུལ་དང་མཚོ་སྔོན་ཞིང་ཆེན་ན་གཞོན་འཕེལ་རྒྱས་ཐེབས་རྩ་ཚོགས་པ། སྟོན་དུས་ཀྱི་སློབ་རོགས་མ་དངུལ། དབུལ་ཕོངས་དབང་བོ་སྐྱོན་དང་དབང་བོ་སྐྱོན་ཅན་གྱི་བྱིས་པའི་སློབ་རོགས་མ་དངུལ་བཅས་བསྡོམས་པས་ལས་གཞིའི་སྒོར་ཁྲི307.6བརྩོན་ལེན་བྱས།

གཏེར་ལེན་ཁ་གྲོང་ཁྱེར་གྱི་བཟོ་ཚོགས་དང་གུང་གཞོན་ཚོགས་པ། དབང་བོ་སྐྱོན་མཉམ་འབྲེལ་ལྷན་ཚོགས། དམངས་སྲིད་སོགས་སྡེ་ཁག་གིས་བསྡོམས་པས་དབུལ་ཕོངས་སློབ་མ་དང་རོང་འབྲོག་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་གི་སློབ་མ561ལ་རོགས་སྐྱོར་བྱས། རོགས་སྐྱོར་མ་དངུལ་འདི་བཏང་བ་ཡིས་དབུལ་ཕོངས་སློབ་མས་བདེ་བླག་ངང་སློབ་སྦྱོང་ལེགས་འགྲུབ་བྱས་ནས་སྤྱི་ཚོགས་ནང་ཞུགས་པར་རྨང་གཞི་བཏིངས།

སྤྱི་ཟླ9བའི་ཚེས7ཉིན། གཏེར་ལེན་ཁ་ཁུ་ལུའུ་ཁུ་གྲོང་རྡལ་རེ་བ་སྡེ་བའི་ཆི་ཅིན་ཁྲའོ་ཡིས་བཤད་རྒྱུར། སྲིད་གཞུང་སྡེ་ཁག་གིས་དཀའ་ངལ་ཁྱིམ་ཚང་གི་བྱིས་པར་རོགས་སྐྱོར་བྱས་པ་ནི་ཧ་ཅང་དགའ་འོས་པ་ཞིག་ཡིན་ཞིང་། ང་ལ་སྒོར1000གི་ལམ་གླ་ཐོབ་པ་མ་ཟད། ད་རུང་དབང་བོ་སྐྱོན་ཅན་ཁྱིམ་ཚང་གི་སློབ་མའི་སློབ་རོགས་མ་དངུལ་ལོངས་སྤྱོད་བྱས་ཡོད་ཟེར། ཆི་ཅིན་ཁྲའོ་ཡིས་བསྟན་དོན། སྲིད་གཞུང་སྡེ་ཁག་གིས་དབུལ་ཕོངས་ཁྱིམ་ཚང་ལ་སྲིད་ཇུས་ཐད་ནས་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུ་བ་དང་། རྗེས་ཕྱོགས་སུ་སློབ་གྲྭ་ཆེན་མོ་ནས་མུ་མཐུད་དུ་སློབ་སྦྱོང་ལ་འབད་བརྩོན་བྱས་ཏེ་ཕུལ་བྱུང་གི་སྦྱང་འབྲས་ཀྱིས་སྤྱི་ཚོགས་ལ་ཞབས་ཞུ་དང་ཕ་ཡུལ་ལ་ཞབས་ཞུ་སྒྲུབ་ནས་རང་གི་རེ་འདུན་མངོན་འགྱུར་བྱེད་རྒྱུ་ཡིན། །

  • ལེ་ཚན་སྔོན་མ།:ཆུ་ཆེན་རྫོང་གིས༼ དགོན་སྡེའི་དཔེ་ཁང ༽འཛུགས་པ་དང་དཔེ་དེབ་གཏོང་སྤྲོད་བྱེད་པའི་མཛད་སྒོ་བསྡུས།
  • ལེ་ཚན་རྗེས་མ།:༼ གསར་རྩོམ་ཉམས་མྱོང་གླེང་བ ༽ཞེས་པ་པར་བསྐྲུན་འགྲེམ་སྤེལ་བྱས།
  • དོ་སྣང་ཆེ་བའི་རྩོམ།