ལྷ་ས་གྲོང་ཁྱེར་གྱི་མི་ཤུགས་ཐོན་ཁུངས་ཚོང་རའི་ལས་གཞི་གཙོ་བོར་ལྟ་ཞིབ་ཚད་ལེན་བྱས་ཚར།

    ཀྲུང་གོའི་བོད་ལྗོངས་དྲ་བ།    2013-09-11

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་ཚོང་ར་དེ་བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”རྣམ་གྲངས་གཙོ་བོ་ཞིག་ཡིན་པའི་ཆ་ནས། མིག་སྔར་རྣམ་གྲངས་དེའི་ལས་གཞི་གཙོ་བོར་ལྟ་ཞིབ་ཚད་ལེན་བྱས་ཚར་བ་མ་ཟད་རྒྱན་བཟོ་བྱེད་པའི་དུས་རིམ་དུ་སླེབ་ཡོད་ལ། ཚོད་རྩིས་ལྟར་ན་ད་ལོའི་ལོ་མཇུག་ཏུ་ལེགས་འགྲུབ་བྱུང་སྟེ་བཀོལ་སྤྱོད་བྱ་རྒྱུ་རེད།

ལྷ་ས་གྲོང་ཁྱེར་གྱི་མི་ཤུགས་ཐོན་ཁུངས་ཚོང་འཛུགས་པའི་རྣམ་གྲངས་ནི་བོད་རང་སྐྱོང་ལྗོངས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཆར་གཞིའི་རྣམ་གྲངས་གལ་ཆེན་ཞིག་ཡིན་ལ། རྣམ་གྲངས་དེ་ད་ལོའི་སྤྱི་ཟླ4བར་འཛུགས་སྐྲུན་བྱེད་མགོ་བརྩམས་ཤིང་མ་དངུལ་སྒོར་བྱེ་བ1.17ལྷག་བཏང་བ་དང་། འཆར་གཞི་ལྟར་ན་འཛུགས་སྐྲུན་བྱས་ཚར་རྗེས་མི་ཤུགས་ཐོན་ཁུངས་ཚོང་ར་ལ་བསྡོམས་པས་ཐོག་རྩེག་རིམ་པ6ཡོད་ཅིང་། སྤྱིའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ4454.6ཡོད།  །

  • ལེ་ཚན་སྔོན་མ།:མངའ་རིས་ཀྱི་མེ་ཟོན་སློབ་གསོ་ཁང་དེས་སློབ་གསོའི་ནུས་པ་ཡག་པོ་ཐོན་པ།
  • ལེ་ཚན་རྗེས་མ།:མཚོ་སྔོན་བོད་ཁུལ་དུ་ཡང་བསྐྱར་གནམ་གྲུ་ཐང་ཞིག་འཛུགས་སྐྲུན་བྱེད་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།