བོད་ལྗོངས་འཕྲིན་དྲ། 2013-09-10
ང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་མངའ་རིས་ས་ཁུལ་སྤྱི་བདེ་མེ་ཟོན་ཚན་པས་ན་ནིང་མ་དངུལ་གྲབས་གསོག་བྱས་ནས་བཙུགས་པའི་མེ་ཟོན་སློབ་གསོ་ཁང་དེ་སྤྱི་ཚོགས་ཚན་པར་སྒོ་དབྱེ་བྱས་ཚུན། རིམ་རྩིས་རྒྱབ་པར་གཞིགས་ན་ལྟ་སྐོར་བྱེད་མཁན་མང་ཚོགས་མི་ཐེངས1100ཙམ་ཟིན་པ་དང་། རིགས་ཁག་གི་སྦྱོང་བརྡར་འཛིན་གྲྭ་ཐེངས40ཙམ་གཉེར་བ། མེ་ཟོན་ཚན་རིག་ཁྱབ་གདལ་དཔྱད་གཞི3000ཙམ་གཤམ་སྤྲོད་བྱེད་པ་བཅས་བྱས་པས། མང་ཚོགས་ཀྱི་མེ་ཟོན་བདེ་འཇགས་འདུ་ཤེས་ཟབ་ཏུ་འགྲོ་རྒྱུར་ནུས་པ་ཡག་པོ་ཐོན་ཡོད་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10