མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-09-06
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ།མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་ཁྲིམས་འཛིན་གསལ་འབྱེད་ལས་ཁུངས་དངོས་སུ་སྒོ་བྱང་བཀལ་ཏེ་བཙུགས། དེ་ནི་མཚོ་སྔོན་ལྷོ་ཕྱོགས་ས་ཁུལ་གྱི་མང་ཚོགས་ཀྱི་ཁྲིམས་འཛིན་གསལ་འབྱེད་ཀྱི་རེ་བ་ཞུ་དཀའ་བའི་གནས་ཚུལ་དངོས་ལ་དམིགས་ཏེ་བཙུགས་པའི་ཁྲིམས་འཛིན་གསལ་འབྱེད་ལས་ཁུངས་ཤིག་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་ལྷོ་ཕྱོགས་ས་ཁུལ་དུ་ཁྲིམས་འཛིན་གསལ་འབྱེད་ལས་ཁུངས་མེད་པའི་ལོ་རྒྱུས་མཇུག་རྫོགས།
ཡུལ་ཤུལ་ཁུལ་མི་དམངས་སྨན་ཁང་ཁྲིམས་འཛིན་གསལ་འབྱེད་ཁང་ནི་ཁུལ་མི་དམངས་སྨན་ཁང་གིས་ཤུགས་ཆེན་པོས་རོགས་སྐྱོར་བྱས་པ་དང་། སྨན་ཁང་དེ་དང་ས་དེའི་ལག་རྩལ་རྐང་འཛིན་པར་རྒྱབ་རྟེན་བྱས་ནས། ཞིང་ཆེན་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱིས་འབྲེལ་ཡོད་སྒྲིག་ཆས་དང་། བྱ་བའི་ཆ་རྐྱེན་ལ་ཞིབ་བཤེར་ནན་མོ་བྱས་ཤིང་། ལག་རྩལ་མི་སྣར་གསོ་སྦྱོང་བཟང་བོ་བྱས་རྗེས། ཁྲིམས་ལྟར་དཔྱད་ཞིབ་ཆོག་མཆན་དང་ཐོ་འགོད་བྱས་རྗེས། སྤྱི་ཚོགས་ལ་ཁ་ཕྱོགས་ཏེ་ཁྲིམས་དཔྱད་སྨན་པས་ནད་ཐོག་དང་ཁྲིམས་དཔྱད་ནད་ཀྱི་རྒྱུ་རྐྱེན་གསལ་འབྱེད་བྱེད་པའི་བྱེད་སྒོ་སྤེལ་བའི་ཁྲིམས་འཛིན་གསལ་འབྱེད་ལས་ཁུངས་ཤིག་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10