ཞི་ཅིན་ཕེན་གྱིས་མོ་ཞི་ཁོའི་ཙུང་ཐུང་ཕེ་ཉི་ཡ་ལ་མཇལ་འཕྲད་གནང་།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-09-06

སྤྱི་ཟླ9བའི་ཚེས4ཉིན།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཧྲིན་པིས་ཏི་པོ་ནས་མོ་ཞི་ཁོའི་ཙུང་ཐུང་ཕེ་ཉི་ཡ་ལ་མཇལ་འཕྲད་གནང་།  
  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྤྱི་ཟླ9བའི་ཚེས4ཉིན་ཧྲིན་པིས་ཏི་པོ་གྲོང་ཁྱེར་ནས་མོ་ཞི་ཁོའི་ཙུང་ཐུང་ཕེ་ཉི་ཡ་ལ་མཇལ་འཕྲད་གནང་།
  མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར།དེང་སྐབས་ཀྲུང་གོ་དང་མོ་ཞི་ཁོའི་འབྲེལ་བ་དེ་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བའི་དུས་སྐབས་སུ་སླེབ་ཡོད་པས།ཕྱོགས་གཉིས་ཀྱིས་ཁྱབ་ཁོངས་སོ་སོའི་མཉམ་ལས་སྔར་ལས་རྒྱ་བསྐྱེད་དགོས་ལ།ཀྲུང་གོ་དང་མོ་ཞི་ཁོ་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་མུ་མཐུད་དུ་ཇེ་བཟང་དུ་གཏོང་དགོས་པ་དང་།ལྷག་པར་དུ་ཕན་ཚུན་ལ་མ་དངུལ་གཏོང་བ་དང་ཕྱོགས་གཉིས་བར་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་རྒྱ་བསྐྱེད་དགོས་པར་མ་ཟད།རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་མང་དུ་གཏོང་དགོས།ཕྱོགས་གཉིས་ཀྱི་སྲིད་གཞུང་ལས་ཁུངས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱི་དངུལ་གཏོང་མཉམ་ལས་དང་ཕྱོགས་གཉིས་ཀྱི་ཚོང་ར་འཕེལ་རྒྱས་སུ་གཏོང་བར་ནུས་ལྡན་ཆ་རྐྱེན་བསྐྲུན་དགོས་ཟེར།
  ཕེ་ཉི་ཡ་ཡིས་བཤད་རྒྱུར།དེང་སྐབས་མོ་ཞི་ཁོ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་སོང་བ་ཧ་ཅང་བཟང་ལ།ཕྱོགས་གཉིས་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཕྱོགས་གཉིས་ཀྱི་མཉམ་ལས་ཐད་ལ་བཏོན་པའི་ཐབས་ཇུས་གལ་ཆེན་ལག་བསྟར་ནན་མོ་བྱས་ནས་རྒྱལ་ཁབ་གཉིས་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཐད་ནས་གྲུབ་འབྲས་གསར་བ་ལེན་དགོས།མོ་ཞི་ཁོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཀྱིས་མོ་ཞི་ཁོ་ཕྱོགས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྱབ་ཁོངས་སུ་མ་དངུལ་གཏོང་བར་དགའ་བསུ་ཞུས་པ་དང་།མོ་ཞི་ཁོ་ཕྱོགས་ཀྱིས་ལ་ཏེན་མེ་གླིང་དང་ཀྲུང་གོ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ནུས་པ་ཆེན་པོ་འདོན་འདོད་ཡོད་ཟེར།  །
  • ལེ་ཚན་སྔོན་མ།:སྟོད་ལུང་བདེ་ཆེན་རྫོང་གིས་ཞིང་པར་འབབ་འཕར་ཡོང་བའི་ལས་དོན་ཏན་ཏིག་སྤེལ།
  • ལེ་ཚན་རྗེས་མ།:མཚོ་སྔོན་ལྷོ་ཕྱོགས་ས་ཁུལ་གྱི་ཁྲིམས་འཛིན་གསལ་འབྱེད་ལས་ཁུངས་ཐོག་མ་ཡུལ་ཤུལ་ཁུལ་དུ་བཙུགས།
  • དོ་སྣང་ཆེ་བའི་རྩོམ།