སྟོད་ལུང་བདེ་ཆེན་རྫོང་གིས་ཞིང་པར་འབབ་འཕར་ཡོང་བའི་ལས་དོན་ཏན་ཏིག་སྤེལ།

བོད་ལྗོངས་འཕྲིན་དྲ།        2013-09-06

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་གི་དེང་རབས་ཞིང་ལས་ཐོན་སྐྱེད་ནང་ཚད་གཞི་མཐོ་བའི་ནས་ཞིང་འཛུགས་སྐྲུན་ལས་གཞིའི་རྣམ་གྲངས་ཁག་གསུམ་པ་ཉེ་དུས་ལས་འགོ་བཙུགས་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། རྣམ་གྲངས་ཀྱི་རྒྱ་ཁྱོན་ནི་མུའུ7200ཟིན་པའི་ཚད་གཞི་མཐོ་བའི་ཞིང་ཁ་ཡིན་པ་མ་ཟད། དེར་མ་དངུལ་སྒོར་ཁྲི་ཚོ1500ཙམ་གཏོང་རྒྱུ་རེད། རྣམ་གྲངས་དེར་གསར་སྤེལ་དང་ཚན་རྩལ་གྱིས་སྐུལ་འཁྲིད་བྱས་པ་བརྒྱུད། རྣམ་གྲངས་ཁུལ་གྱི་ཞིང་པའི་ཐོན་སྐྱེད་ཀྱི་ཧུར་བརྩོན་རང་བཞིན་མཐོ་རུ་གཏོང་རྒྱུ་དང་། རྣམ་གྲངས་ཁུལ་གྱི་ཞིང་ལས་ཐོན་ཁུངས་ཀྱི་ནུས་པ་དང་ཕན་འབྲས་འདོན་སྤེལ་གང་ཐུབ་བྱས་ནས། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་མཐོ་རུ་གཏོང་རྒྱུ་རེད། 

  • ལེ་ཚན་སྔོན་མ།:སྐབས་གཉིས་པའི་སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་སྨྱན་མང་སློབ་ཆས་དཔྱད་འདེམས་བྱ་འགུལ་མཇུག་བསྒྲིལ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕེན་གྱིས་མོ་ཞི་ཁོའི་ཙུང་ཐུང་ཕེ་ཉི་ཡ་ལ་མཇལ་འཕྲད་གནང་།
  • དོ་སྣང་ཆེ་བའི་རྩོམ།