མཚོ་སྔོན་པོ་དྲ་བ། 2013-09-06
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ8པའི་ཚེས19ཉིན་ནས་སྤྱི་ཟླ8པའི་ཚེས21ཉིན་བར། བོད་ལྗོངས་དང་། མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན་བཅས་ཞིང་ལྗོངས་ལྔའི་སྐབས་གཉིས་པའི་སྐད་གཉིས་སློབ་ཁྲིད་ཀྱི་མི་རིགས་སློབ་གྲྭ་ཆུང་འབྲིང་གི་སྨྱན་མང་སློབ་ཆས་དཔྱད་འདེམས་བྱ་འགུལ་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་མི་རིགས་སློབ་འབྲིང་དུ་བསྡུས། ཐེངས་འདིའི་བྱ་འགུལ་ནི་ཞིང་ལྗོངས་ལྔའི་བོད་ཀྱི་སློབ་གསོའི་མཐུན་སྦྱོར་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས་གཙོ་བསྒྲུབས་དང་། མཚོ་སྔོན་ཞིང་ཆེན་གུང་ཧོ་རྫོང་སློབ་གསོ་ཅུའུ་དང་གུང་ཧོ་རྫོང་མི་རིགས་སློབ་འབྲིང་གཉིས་ཀྱིས་འགན་བསྒྲུབས་བྱས་པ་རེད།
ལོ་ཕྱེད་ཀྱི་རིང་ལ་ཁྱོན་བསྡོམས་བསླབ་ཚན་སོ་སོའི་སློབ་ཆས་བརྒྱ་དང་གོ་བརྒྱད་བསྡུས་པ་དང་། ནན་ཏན་གྱིས་འདེམ་སྒྲུག་བྱས་པ་བརྒྱུད་ནས་བརྩམས་ཆོས་བརྒྱ་དང་གྱ་ལྔ་དཔྱད་འདེམས་ལ་ཞུགས་ཤིང་། ཞིང་ལྗོངས་ལྔའི་སྐད་གཉིས་སློབ་ཁྲིད་ཀྱི་མི་རིགས་སློབ་གྲྭ་ཆུང་འབྲིང་དྲུག་ཅུ་ལྷག་འདུས་པ་རེད། ཞིང་ལྗོངས་ལྔའི་བོད་ཀྱི་སློབ་གསོའི་མཐུན་སྦྱོར་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས་རྩ་འཛུགས་བྱས་པའི་དཔྱད་འདེམས་ཚན་ཆུང་གིས་ཡོངས་བསྒྲགས་དང་དྲང་གཞག འདྲ་མཉམ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས་བརྩམས་ཆོས་ཨང་དང་པོ་བཅོ་ལྔ་དང་། ཨང་གཉིས་པ་ཉི་ཤུ། ཨང་གསུམ་པ་ཉེར་དྲུག་བཅས་དཔྱད་འདེམས་བྱས།
ཐེངས་འདིའི་སློབ་ཆས་དཔྱད་འདེམས་ནི་ཞིང་ལྗོངས་ལྔའི་ཁོངས་སུ་རྩ་འཛུགས་བྱས་པའི་བོད་ཡིག་གི་སྨྱན་མང་སློབ་ཆས་དཔྱད་འདེམས་ཀྱི་བྱ་འགུལ་ཐེངས་གཉིས་པ་ཡིན་ཞིང་། དེས་སྐད་གཉིས་སློབ་ཁྲིད་ཀྱི་མི་རིགས་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་རྣམས་ཀྱིས་སྐད་གཉིས་ཀྱི་སྨྱན་མང་སློབ་ཆས་ལེགས་པོ་སྒྲིག་བཟོ་བྱེད་པའི་བརྩོན་སེམས་བསྐུལ་བའི་ཁར། དེང་རབས་སློབ་གསོའི་ལག་རྩལ་དེ་སྐད་གཉིས་སློབ་ཁྲིད་ཁྲོད་སྤྱོད་པར་སྟེགས་བུ་གལ་ཆེན་ཞིག་བསྐྲུན་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10