ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་འབྱོར་བའི་གཏམ་གསར།ཟླ་བ8པའི་ཚེས24ཉིན་གྱི་སྔ་དྲོ་སྐབས44པའི་ནན་ཏིང་ཀེན་གྱི་གཟེངས་རྟགས་དང་བྱ་དགའ་སྤྲོད་པའི་ཚོགས་ཆེན་པེ་ཅིང་མི་དམངས་མང་ཚོགས་ཁང་ཆེ་མོར་འཚོགས་ཤིང་།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་སྐབས44པའི་ན་ཏིང་ཀེན་གྱི་གཟེངས་རྟགས་དང་བྱ་དགའ་སྤྲོད་པའི་ཚོགས་ཆེན་ལ་ཞུགས་ཏེ་ཀྲུང་གོའི་བྱ་དགའ་ཐོབ་མཁན་དྲུག་ལ་བྱ་དགའ་གནང་བ།
འདི་ལོ་ཁྲོན་རྒྱལ་ཁབ་བཅུ་དྲུག་གི་ནད་ཞབས་ལས་དོན་པ32ལ་སྐབས་འདིའི་ནན་ཏིང་ཀེན་གྱི་བྱ་དགའ་ཐོབ་ཅིང་།བྱ་དགའ་དེ་ཐོབ་མཁན་རང་རྒྱལ་གྱི་ནད་ཞབས་ལས་དོན་པ་དྲུག་པོ་ནི།བཅིངས་འགྲོལ་དམག་སྨན་ཁང་ཨང261སྨྱོ་ནད་ཚན་ཁག་གི་སྨན་གཡོག་གཙོ་མོ་ཚའེ་ཧུང་ཞ་དང་།སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་གི་ནད་ཞབས་པུའི་དེ་སྔའི་ཀྲུའུ་རེན་ཧྭ་ཤིས་སྨན་ཁང་དོ་དམ་ཞིབ་འཇུག་སུའོ་ཡི་རིགས་གཅིག་མཁས་ཅན་ཁྲེན་དབྱིས་ཅོན།ཤང་ཀང་སྨན་ཁང་དོ་དམ་ཅུས་ཀྱི་དེ་སྔའི་སྤྱི་ཁྱབ་ནད་ཞབས་སྲིད་འཛིན་ཅིང་ལི་ཤང་ཀང་ནད་ཞབས་ཆེད་ཚན་སློབ་གླིང་གི་གནས་སྐབས་ཡོན་ཀྲང་ལིན་ཁྲུང་སུའི།བཅིངས་འགྲོལ་དམག་སྨན་ཁང413སྦིར་སྨན་ཚན་ཁག་གི་སྨན་གཡོག་གཙོ་མོ་ཝང་ཧའེ་ཝུན།པེ་ཅིང་ཏི་ཐན་སྨན་ཁང་དར་སྐུད་དམར་པོའི་ཁྱིམ་ཚང་གི་སྨན་གཡོག་གཙོ་མོ་ཝང་ཁེ་རུང་།ནན་ཁྲུང་སློབ་ཆེན་ཞོར་གཏོགས་སྨན་ཁང་བཞི་པའི་སྨན་བཅོས་ཞབས་ཞུ་པུའི་ཀྲུའུ་རེན་ཙའོ་ཏེ་ཧྥང་བཅས་རེད།