སྡེ་རོང་རྫོང་གིས་འགུལ་འགོག་གནོད་སེལ་ལས་ཀ་གོ་རིམ་ཡོད་པའི་སྒོ་ནས་སྤེལ་བཞིན་ཡོད།

ལྷ་འཛོམས་ཀྱིས་བསྒྱུར།        2013-09-03

ཟླ་བ8པའི་ཚེས28ཉིན་ཕྱི་དྲོའི་ཆུ་ཚོད4དང་སྐར་མ44ལ་སྡེ་རོང་རྫོང་དང་ཡུན་ནན་ཞིང་ཆེན་བདེ་ཆེན་རྫོང་དང་སེམས་ཀྱི་ཉི་ཟླ་རྫོང་གི་ས་མཚམས་ལ་ས་འགུལ་རིམ་པ5.1བྱུང་རྗེས་ཞིང་ཆེན་དང་ཁུལ།རྫོང་།རིམ་པ་ཁག་གི་ལས་ཁུངས་སོ་སོས་མཐོང་ཆེན་བླ་ན་མེད་པ་བྱས་ནས་མགྱོགས་མྱུར་དུ་ལས་ཀ་ཁག་སྤེལ་ནས་གོ་རིམ་ཡོད་པའི་སྒོ་ནས་གནོད་སྐྱོན་ཐེབས་ཚུལ་ཞིབ་བཤེར་དང་རོགས་སྐྱོབ་ལས་ཀ་སྤེལ་བ་རེད།
    ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་གནོད་སྐྱོན་ཐེབས་ཚུལ་ཞིབ་བཤེར་དང་གནོད་སེལ་ལས་ཀའི་ཐད་ལ་མཆན་བཀོད་མཛུབ་སྟོན་གནང་བ་དང་བཀོད་སྒྲིག་བྱས།ཁུལ་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་དེ་ལམ་སང《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ས་འགུལ་མྱུར་སྐྱོབ་སྔོན་ཚུད་གྲ་སྒྲིག》སྤེལ་ནས་ས་འགུལ་མྱུར་སྐྱོབ་ལས་ཀ་སྤེལ་བ་རེད།
    ཁུལ་སྲིད་གཞུང་གི་ཁུལ་དཔོན་ཡེ་ཤེས་ཟླ་བས་ལས་ཀ་བཀོད་སྒྲིག་ཞིབ་ཚགས་བྱས།ཁོང་གིས་ལས་སྒྲུབ་ཚོ་ཆུང་མངགས་ནས་ས་འགུལ་ཐེབས་ཡུལ་གྱི་ཤང་དང་གྲོང་རྡལ་ལ་གནོད་སྐྱོན་ཐེབས་ཚུལ་ཞིབ་བཤེར་བྱས་པ་རེད།ཁྱོན་ཡོངས་ནས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་གཏོར་བཤིག་ཐེབས་ཚུལ་ཞིབ་བཤེར་བྱས།སྡེ་རོང་རྫོང་རྫོང་ཨུ་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་ཀྱིས་མགྱོ གས་མྱུར་དུ་ལས་སྒྲུབ་ཚོ་ཆུང་ཁྲིད་དེ་གནོད་སྐྱོན་ཐེབས་པའི་ཡུལ་དངོས་སུ་གནོད་སེལ་ལས་ཀར་ཁྲིད་སྟོན་བྱེད་པ་དང་།མི་སྣ་སྒྲིག་འཛུགས་བྱས་ནས་གྲོང་སྡེ་རེ་རེ་བཞིན་མི་ཤི་རྨས་དང་རྒྱུ་ནོར་གྱོ ང་གུན་ཐེབས་ཚུལ།རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་གཏོར་བཤིག་ཐེབས་ཚུལ་བཅས་ཞིབ་བཤེར་བྱས་ནས་ལང་སང་གནོད་སྐྱོན་ཐེབས་པའི་མང་ཚོགས་བཀོད་སྒྲིག་བྱས་ནས་ནུས་ཤུགས་ཡོད་དགུས་གནོད་འགོག་རང་སྐྱོབ་ལས་ཀ་སྤེལ་བ་རེད།མིག་སྔར་གནོད་སྐྱོན་ཐེབས་ཡུལ་གྱི་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བ་གོ་རིམ་ཡོད་པ་རེད།
  • ལེ་ཚན་སྔོན་མ།:སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཧྲེན་དབྱང་དུ་གཟབ་རྒྱས་ངང་འཚོགས་འགོ་ཚུགས།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་སྐབས44པའི་ན་ཏིང་ཀེན་གྱི་གཟེངས་རྟགས་དང་བྱ་དགའ་སྤྲོད་པའི་ཚོགས་ཆེན་ལ་ཞུགས་ཏེ་ཀྲུང་གོའི་བྱ་དག
  • དོ་སྣང་ཆེ་བའི་རྩོམ།