ཀན་ལྷོ་བོད་ཁུལ་དུ་མི་ཧྲེང་རྒན་འཁོགས4000ལྷག་ཚང་མར་སྲིད་གཞུང་གིས་ཞབས་ཏོག་བྱས།

མིག་དམར་གྱིས་བསྒྱུར།        2013-09-04

 ཞིན་ཧྭ་གསར་འགྱུར་ཁང་ནན་ཀྲུའོ་ནས་ཟླ་བ8པའི་ཚེས27ཉིན་འབྱོར་བའི་གཏམ་གསར།ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་ཞིང་འབྲོག་གྲོང་ཚོའི་ལྟེ་གནས་རྒན་གསོ་ཁང་དུ་ལོ་ན73ལ་སོན་པའི་ནོར་བུ་བཟང་གཞན་དང་མཉམ་དུ་ར་བའི་ནང་སྐོར་ར་འགྲོ་བཞིན་འདུག
    ལོ་གཅིག་གི་སྔོན་དུ་ནོར་བུ་བཟང་ཁྱིམ་དུ་མི་གཅིག་པུ་ཡིན།ཁོས་ང་ལ་ཚ་བུ་རྒྱུད་མེད་པས་ཚེ་གང་བོ་མི་གཅིག་པུ་འཚོ་བ་རོལ་བ་ཡིན།ལོ་ཆུང་བའི་སྐབས་སུ་རྩྭ་ཐང་ཐོག་ཕྱུགས་འཚོ་བ་ཡིན་ལ་ད་ལྟར་ཕྱུགས་འཚོ་མི་ཐུབ་མི་འདུག་ཅེས་བཤད་པ་རེད།
    མིག་སྔར།ཀན་ལྷོ་ཁུལ་དུ་མི་ཧྲེང་རྒན་འཁོགས་ཁྱོན་བསྡོམས4000ལྷག་ཡོད་ཅིང་།དེ་ཚོར་རྒན་དུས་གསོ་མཁན་ཡོད་པའི་ཆེད་དུ་ཀན་ལྷོ་ཁུལ་གྱིས་ཉེ་བའི་ལོ་ཤས་རིང་རྒན་གསོའི་ལས་དོན་འཕེལ་རྒྱས་ཤུགས་ཆེན་བཏང་།མིག་སྔར་ཁུལ་ཡོངས་སུ་ཞིང་འབྲོག་གྲོང་སྡེར་རྒན་གསོ་ཁང་31བསྐྲུན་ཡོད་ཅིང་ཉལ་ཁྲི1000ལས་བརྒལ་བ་མཁོ་འདོན་བྱས་ཏེ་མི་ཧྲེང་རྒན་འཁོགས333རྒན་གསོ་ཁང་དུ་བསྡད་ཡོད་པ་དང་ཕལ་ཆེར་བོད་རིགས་རེད།
    2012ལོར།བློ་བཟང་བསང་ཆུ་རྫོང་ཞིང་འབྲོག་གྲོང་སྡེའི་ལྟེ་གནས་རྒན་གསོ་ཁང་དུ་སྤོས་པ་རེད།སྨི་གྲུ་བཞི་མ4000ལྷག་ཡོད་པའི་རྒན་གསོ་ཁང་དེ2008ལོར་བསྐྲུན་པས་མ་ཚད་བཀོལ་སྤྱོད་བྱས་ཤིང་།མིག་སྔར་ནོར་བུ་བཟང་ཚུད་པའི་མི་རྒན་ཁེར་རྐྱང་ཁྱོན་བསྡོམས18བསྡུས་ཡོད་པ་རེད།
    ནོར་བུ་བཟང་གིས་ལོ་འདི་འདྲ་ལ་ཐོན་དུས་འདི་འདྲའི་དྲོད་སྐྱིད་ལྡན་པའི་ཁང་པར་སེམས་ལྷོད་པོའི་སྒོ་ནས་བདེ་སྡོད་བྱེད་རྒྱུ་བྱུང་སོང་ཞེས་བཤད།ཁོ་ལ་རྒན་གསོ་ཁང་དུ་ཧ་ལམ་སྨི་གྲུ་བཞི་མ20ཡོད་པའི་ཁང་པ་ཞིག་ཡོད་ལ་ནང་དུ་ཁྱིམ་སྤྱོད་ཡོ་བྱད་ཆ་ཚང་བ་འདུགམིག་སྔར་བསང་ཆུ་རྫོང་དུ་རྒན་གསོ་ཁང4ཡོད་ཅིང་བོད་ཀྱི་མི་ཧྲེང་རྒན་འཁོགས་ཁྱོན་བསྡོམས50ལ་ཉེ་བ་ཡོད།དེ་མིན་རྒན་གསོ་ཁང3འཛུགས་བཞིན་ཡོད་པས་མི་རིང་བར་བསྐྲུན་ཚར་རྒྱུ་རེད།
    བསང་ཆུ་རྫོང་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་སྒྲོན་དཀར་ཆུང་གིས་བཤད་རྒྱུར།རྒན་གསོ་ཁང་དུ་མི་རྒན་རྣམས་ལ་སྨན་པ་དང་ཇ་མ།ནད་གཡོག་པ་བཅས་བཏང་ཡོད་པར་རིན་པ་སྲིད་གཞུང་གིས་སྤྲད་པ་རེད།ད་ལོའི་ཟླ་བ་4པ་ནས་བཟུང་རྒན་གསོ་ཁང་དུ་མི་རེར་ལོ་རེར་ཞབས་ཏོག་རིན་པ་སྒོར2400ནས་2600ལ་སྤར།དེའི་ཐོག་སྤྱི་ཚོགས་ཀྱིས་ཞལ་འདེབས་བསྣན་པས་མི་རྒན་རེར་ལོ་རེར་ཧ་ལམ་ཞབས་ཏོག་མ་དངུལ་སྒོར་3000ལོངས་སུ་སྤྱོད་ཆོག་པ་རེད།
    ཀན་ལྷོ་ཁུལ་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་གཞོན་པ་རེན་ལི་མིང་གིས་བཤད་རྒྱུར།གཅིག་བསྡུས་ཞབས་ཏོག་སྒྲུབ་པ་ཕུད་ཀན་ལྷོ་ཁུལ་གྱིས་མི་ཧྲེང་རྒན་འཁོགས་གཞན་པར་གྲོང་སྡེར་ཐར་ཐོར་ཞབས་ཏོག་སྒྲུབ་པའི་བྱེད་ཐབས་སྤྱད་དེ་མ་དངུལ་འགན་ལེན་བྱ་རྒྱུ་དེའང་གཅིག་བསྡུས་ཞབས་ཏོག་བྱེད་པའི་མི་རྒན་གྱི་ལྟ་སྐྱོང་དང་གཅིག་མཚུངས་ཡིན།མིག་སྔར་ཁུལ་ཡོངས་སུ་མི་ཧྲེང་རྒན་འཁོགས4000ལྷག་ཚང་མ་སྲིད་གཞུང་གིས་ཞབས་ཏོག་སྒྲུབ་པའི་རྣམ་མངོན་འགྱུར་བྱུང་བ་རེད།
  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་སྐབས44པའི་ན་ཏིང་ཀེན་གྱི་གཟེངས་རྟགས་དང་བྱ་དགའ་སྤྲོད་པའི་ཚོགས་ཆེན་ལ་ཞུགས་ཏེ་ཀྲུང་གོའི་བྱ་དག
  • ལེ་ཚན་རྗེས་མ།:རང་རྒྱལ་གྱིས་སྤྱི་ཚོགས་ཀྱི་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏང་རྒྱུ།
  • དོ་སྣང་ཆེ་བའི་རྩོམ།