ཀྲུང་དབྱང་ནོར་སྲིད་ཀྱིས་ཕྱུགས་ལས་འཕེལ་རྒྱས་ལ་རོགས་སྐྱོར་བྱས།

མིག་དམར་གྱིས་བསྒྱུར།        2013-08-22

 ཀྲུང་དབྱང་ནོར་སྲིད་ཀྱིས་ཉེ་ཆར་ཕྱུགས་ལས་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་མ་དངུལ་སྒོར་དུང་ཕྱུར20.5བཏང་སྟེ་ཕྱུགས་ལས་རྒྱུད་བཟང་སྤེལ་བར་ཁ་གསབ་རྒྱབ་སྐྱོར་བྱས་ཤིང་། གསོ་སྤེལ་བྱེད་མཁན་གྱིས་སྒོ་ཕྱུགས་རྒྱུད་བཟང་གི་ཁམས་དཀར་འཁྱགས་འཁེང་དང་ཁྱུ་གཡག་ཉོས་པར་ཁ་གསབ་བྱས་ཏེ་ཕྱུགས་ཟོག་ཆུ་ཐོན་དངོས་རིགས་སོགས་ཤ་ཚལ་སྒོང་གསུམ་གྱི་ཐོན་རྫས་གསོ་སྤེལ་ར་བས་གཞི་ཁྱོན་ཅན་དང་ཚད་ལྡན་ཅན་གྱི་ཐོན་སྐྱེད་བྱེད་པར་རྒྱབ་སྐྱོར་བྱས་པ་རེད། དེའི་སྔོན་དུ་སྤྲད་པའི་མ་དངུལ་ཐོག2013ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་ཕྱུགས་ཟོག་ལས་རིགས་འཕེལ་རྒྱས་ལ་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར29བཏང་ནས2012ལོ་ལས་སྒོར་དུང་ཕྱུར2བསྣོན་ཡོད་པ་རེད།
    ཕྱུགས་ཟོག་རྒྱུད་བཟང་ལ་ཁ་གསབ་བྱེད་པའི་རྣམས་གྲངས་ལག་བསྟར་བྱས་པས་རྒྱ་ཆེ་བའི་གསོ་སྤེལ་ར་བའི་དུད་ཚང་དང་ཁྱད་པར་དུ་ཁ་ཐོར་ནས་ཕྱུགས་ཟོག་གསོ་བའི་ཞིང་དུད་ཀྱིས་རྒྱུད་བཟང་བདམས་ཉོ་བྱས་ཏེ་གསོ་སྤེལ་བྱ་རྒྱུའི་ཧུར་བརྩོན་རང་བཞིན་མངོན་གསལ་དུ་མཐོ་རུ་བཏང་ཞིང་། ཕྱུགས་ཟོག་རྒྱུད་བཟང་ཁྱབ་གདལ་གཏོང་བ་ཇེ་མགྱོ གས་སུ་བཏང་སྟེ། ཕན་ནུས་ལྡན་པའི་སྒོས་ཕྱུགས་ཟོག་གི་ཐོན་སྐྱེད་ཆུ་ཚད་དང་ཐོན་སྐྱེད་ལས་ཆོད་མཐོ་རུ་བཏང་ཡོད་ལ།གསོ་སྤེལ་དུད་ཚང་ལ་ཐོན་སྤེལ་ཡོང་སྤར་གྱི་ཕན་འབྲས་མངོན་གསལ་ཡིན་པ་རེད། 
  • ལེ་ཚན་སྔོན་མ།:《མི་རིགས་རྩོམ་རིག》གི་བོད་ཡིག་པར་གཞིའི་རྩོམ་པ་པོ་དང་ལོ་ཙཱ་བའི་མ་ཟིན་བསྒྱུར་བཅོས་འཛིན་གྲྭ་བསྡུས་པ།
  • ལེ་ཚན་རྗེས་མ།:ལི་ཁེ་ཆང་གིས་དུས་ནམ་ཡང་མཐོ་གྲང་ས་ཁུལ་ས་འགུལ་ཐེབས་ཁུལ་མང་ཚོགས་ཀྱི་བདེ་སྡུག་སེམས་ནང་འཇོག་དགོས་ཞེས་ནན་ག
  • དོ་སྣང་ཆེ་བའི་རྩོམ།