《མི་རིགས་རྩོམ་རིག》གི་བོད་ཡིག་པར་གཞིའི་རྩོམ་པ་པོ་དང་ལོ་ཙཱ་བའི་མ་ཟིན་བསྒྱུར་བཅོས་འཛིན་གྲྭ་བསྡུས་པ།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2013-08-21

ཟླ8པའི་ཚེས12ཉིན་ནས་ཚེས14ཉིན་བར། མི་རིགས་རྩོམ་རིག་དུས་དེབ་ཁང་དང་ཀན་སུའུ་རྩོམ་པ་པོའི་མཐུན་ཚོགས་སོགས་ཀྱིས་བསྒྲུབས་པའི《མི་རིགས་རྩོམ་རིག》གི་བོད་ཡིག་པར་གཞིའི་རྩོམ་པ་པོ་དང་ལོ་ཙཱ་བའི་མ་ཟིན་བསྒྱུར་བཅོས་ཀྱི་འཛིན་གྲྭ་དེ་གཙོས་གྲོང་ཁྱེར་ནས་བསྡུས་པ་རེད།
  བོད་ལྗོངས་དང་། སི་ཁྲོན། མཚོ་སྔོན། ཡུན་ནན་སོགས་ནས་ཡོང་བའི་གྲངས་ཉུང་མི་རིགས་ཀྱི་རྩོམ་པ་པོ་དང་ལོ་ཙཱ་བ། དཔྱད་བརྗོད་པ་རྣམས་ཀྱིས་བོད་ཀྱི་རྩོམ་རིག་གསར་རྩོམ་ཐད་ལ་གྲོས་འདོན་འཆར་འབུལ་གནང་ཞིང་། བོད་ཀྱི་ཆེད་མཁས་འཇམ་དཔལ་རྒྱ་མཚོ་ལགས་སོགས་ཀྱིས་བོད་ཀྱི་རྩོམ་རིག་གསར་རྩོམ་དང་ལོ་ཙཱའི་ཐད་ནས་ཟུར་ཁྲིད་གནང་བ་རེད།
  ཀྲུང་གོའི་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བསྟན་འཛིན་ལགས་ཀྱིས་བཤད་རྒྱུར། ཀན་སུའུ་ཞིང་ཆེན་གྱིས་ཀྲུང་གོའི་དཔལ་ཡོན་རྒྱུན་འཛིན་དང་གསར་བསྐྲུན་བྱེད་པའི་ས་ཁུལ་འཛུགས་སྐྲུན་གྱི་སྟེགས་བུར་བརྒྱུད་ནས། རིག་གནས་ཀྱི་ཞིང་ཆེན་ཆེན་མོ་འཛུགས་སྐྲུན་བྱེད་པ་འདི་ནི་མི་རིགས་རིག་གནས་ཐོན་ལས་གོང་སྤེལ་གྱི་གོ་སྐབས་བཟང་བོ་ཞིག་ཡིན་ལ། ཀན་ལྷོའི་བོད་ཀྱི་རིག་གནས་རྒྱུན་འཛིན་བྱེད་པ་ལ་ཡང་དགེ་མཚན་ལྡན་པ་རེད་ཅེས་གསུངས་པ་རེད།
 

  • ལེ་ཚན་སྔོན་མ།:གཉན་པོ་གཡུ་རྩེའི་མཛེས་ལྗོངས་ལ་རྒྱལ་ཁབ་ཀྱི་ཆུ་བེད་མཛེས་ལྗོངས་ཀྱི་མཚན་གསོལ་བ།
  • ལེ་ཚན་རྗེས་མ།: ཀྲུང་དབྱང་ནོར་སྲིད་ཀྱིས་ཕྱུགས་ལས་འཕེལ་རྒྱས་ལ་རོགས་སྐྱོར་བྱས།
  • དོ་སྣང་ཆེ་བའི་རྩོམ།