སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དྲན་གསོའི་ཡིག་ཤུབས་སྟེང་ཕྱག་བྲིས་གནང་བ།

བཀྲ་ཤིས་འབུམ།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-11-13

   སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དྲན་གསོའི་ཡིག་ཤུབས་སྟེང་ཕྱག་བྲི

པར་འདི་ནི་ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན་པར་བླངས་པའི་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དྲན་གསོའི་ཡིག་ཤུབས་རེད།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་རྒྱལ་ཁའི་ངང་ཚོགས་པར་རྟེན་འབྲེལ་ཞུ་ཆེད། ཀྲུང་གོ་སྦྲག་སྲིད་ཀྱིས་ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དྲན་གསོའི་ཡིག་ཤུབས་གཅིག་དང་དྲན་གསོའི་སྦྲག་རྟགས་ཆ་གཅིག དབྱིབས་ཆུང་བའི་སྦྲག་སྲིད་གཅིག་བཅས་འགྲེམ་སྤེལ་བྱས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་མ་འཚོགས་པའི་སྔོན་ལ་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་ཆེད་དུ་དྲན་གསོའི་ཡིག་ཤུབས་སྟེང་དུ་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཞེས་པའི་ཕྱག་བྲིས་གནང་།

    ཟླ་བཅུ་གཅིག་པའི་ཚེས་བདུན་ཉིན། རྒྱལ་ཁབ་སྦྲག་སྲིད་ཅུའུ་དང་ཀྲུང་གོ་སྦྲག་སྲིད་སྡེ་ཚོགས་ཀུང་ཟི་གཉིས་ཀྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དྲན་གསོའི་ཡིག་ཤུབས་དང་དྲན་གསོའི་སྦྲག་སྲིད་དངོས་སུ་འགྲེམ་མགོ་རྩོམ་པའི་མཛད་སྒོ་བསྡུས། །

  • ལེ་ཚན་སྔོན་མ།:སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་བྱ་བར་སྐུལ་འདེད་ཏན་ཏིག་གཏོང་དགོས།
  • ལེ་ཚན་རྗེས་མ།: མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་བོད་ཡིག་དྲ་བ་གསར་པ་དངོས་སུ་ཤར་གཏོང་བྱས་ཡོད།
  • དོ་སྣང་ཆེ་བའི་རྩོམ།