2012-11-13
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་བསྡུས་པའི་ཉིན་མོ་འདིར་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་བོད་ཡིག་དྲ་བ་གསར་བ་དངོས་སུ་ཤར་གཏོང་བྱས།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་བོད་ཡིག་དྲ་བ་གསར་བ་ནི་རྒྱ་ཆེ་བའི་གཞི་རིམ་རོང་འབྲོག་མང་ཚོགས་ལ་ཁ་གཏད་ནས་སྐབས་ཐོག་སྲིད་དོན་བརྡ་འཕྲིན་ཁྱབ་བསྒྲག་བྱེད་སའི་གལ་ཆེའི་དྲྭ་ཚིགས་ཤིག་ཡིན་ལ། དྲྭ་ཚིགས་གསར་བ་འདིས་ཚན་བྱང་དང་ནང་དོན་སོགས་ཕྱོགས་མང་པོ་ཞིག་ནས་བོད་རིགས་མང་ཚོགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་རེ་བ་བཅས་ལ་བསྟུན་ཅི་ཐུབ་བྱས་ཡོད་པ་དང་། དྲ་ངོས་ལ་དུས་རབས་རང་བཞིན་ལྡན་པ་དང་། སྒྲིག་གཞི་ཡང་དག་པ། སྟབས་བདེ་བ་བཅས་ཀྱི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་གྱི་འགྱུར་བ་གཞིར་བཟོས་པ་ཞིག་ཡིན། དྲྭ་ཚིགས་འདིས་གཞི་རིམ་གྱི་ལས་བྱེད་དང་མང་ཚོགས་རྣམས་ལ་རྒྱལ་ཁབ་ཀྱི་སྲིད་ཇུས་བྱེད་ཕྱོགས་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བ་དང་ཡིག་ཆ་སོགས་དྲིལ་བསྒྲགས་བྱེད་པ་དང་། རང་རེ་ས་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་རིག་གནས་འཕེལ་བའི་གནས་ཚུལ་དང་། སྤྱི་ཚོགས་དང་སློབ་གསོ། ཚན་རིག་ལག་རྩལ་ཐད་ཀྱི་ཤེས་བྱ་སྣ་ཚོགས་མཁོ་འདོན་བྱ་རྒྱུར་དོན་སྙོང་ཆེན་པོ་ལྡན།
ད་སྔར་དྲྭ་ཚིགས་འདི་ལ་སྲིད་དོན། འགོ་ཁྲིད། ཡིག་ཆ། བརྡ་སྦྱོར། བརྙན་འཕྲིན། དེབ་ཚགས། ཚོགས་འདུ། བོད་ཡུལ། རོང་འབྲོག མཛེས་པའི་ཕ་ཡུལ། སྲིད་གཞུང་མ་ལག རྒྱུན་མཁོ་འདྲི་རྟོག སྐད་ཡིག་ཤེས་བྱ་སོགས་ཚན་བྱང་ཉེར་བཞིས་གྲུབ་ཡོད་པ་ཅན་ཞིག་ཡིན་པ་མ་ཟད་། རྒྱལ་ནང་གི་སྲིད་དོན། བོད་ཁམས་ཀྱི་འགྱུར་ལྡོག རྒྱུན་མཁོ་འདྲི་རྟོག སྐད་ཡིག་ཤེས་བྱ་སོགས་ལ་རྒྱུས་ལོན་བྱེད་འདོད་ཚེ་དྲྭ་ཚིགས་འདི་ལhttp://tibetan.qh.gov.cnརྐྱང་རྡེབ་བྱས་ན་ཐད་ཀར་གཟིགས་ཐུབ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10