ཀྲུང་གོའི་དབུལ་སེལ་བྱ་དགའ་འགྲན་འདེམས་དང་གཟེངས་བསྟོད་བྱེད་པའི་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས།

    ཀྲུང་གོའི་བོད་སྐད་རླུང་འཕྲིན།    2013-08-16

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ8པའི་ཚེས10ཉིན་ནས་ཚེས17ཉིན་འཛམ་གླིང་ཡོངས་ཀྱིས་རྒྱལ་སྤྱིའི་དབུལ་ཕོངས་ཉིན་མོ21པ་དེར་བསུ་བ་ཞུ་རྒྱུ་ཡིན་ཞིང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་དབུལ་སྐྱོར་གསར་སྤེལ་ནང་ཧུར་ཐག་ཞུགས་རྒྱུར་སྣེ་ཁྲིད་དང་སྐུལ་ལྕགས་བྱེད་ཆེད་སྐབས་བཞི་པའི་ཀྲུང་གོའི་དབུལ་སེལ་བྱ་དགའ་འགྲན་འདེམས་དང་གཟེངས་བསྟོད་བྱེད་པའི་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་ཡོད་པ་རེད།

བྱ་དགའ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་ནས་ཆོག་མཆན་གནང་སྟེ་བཙུགས་པ་དང་། ཐེབས་རྩ་ལྷན་ཚོགས་ཀྱིས་སྒྲིག་འཛུགས་བྱས་པ་དང་སྦྲགས། མི་དམངས་ཉིན་རེའི་ཚགས་པར་དང་འོད་སྣང་ཉིན་རེའི་ཚགས་པར། དཔལ་འབྱོར་ཉིན་རེའི་ཚགས་པར། མི་དམངས་ཉིན་རེའི་ཚགས་པར། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས། ཞིང་པའི་ཉིན་རེའི་ཚགས་པར་སོགས་ཀྲུང་དབྱང་གི་མཚམས་སྦྱོར་ལས་ཁུངས་དང་མཉམ་འབྲེལ་གྱིས་ཐུན་མོང་ཐོག་སྤེལ་བ་ཞིག་རེད།

སྐབས་བཞི་པའི་ཀྲུང་གོའི་དབུལ་སེལ་བྱ་དགའ་ཞེས་པ་དེས་མཐར་ལས་ཁུངས་དང་མི་བཅུ་འདེམས་རྒྱུ་དང་། དེའི་ཁྲོད་གྲུབ་འབྲས་བྱ་དགའ་ཐོབ་མཁན་གཅིག་དང་འཛམ་གླིང་ཧྲིལ་པོའི་བྱ་དགའ་ཐོབ་མཁན་གཅིག གསར་གཏོད་བྱ་དགའ་ཐོབ་མཁན་གཉིས། སེམས་འགུལ་ཐེབས་ནུས་ཀྱི་བྱ་དགའ་ཐོབ་མཁན་གསུམ། ཞལ་འདེབས་བྱ་དགའ་ཐོབ་མཁན་གསུམ་བཅས་ཚུད་ཡོད་པ་རེད། 

  • ལེ་ཚན་སྔོན་མ།:རྨ་ལྷོ་ནི་ནུབ་བྱང་དུ་བོད་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་མཁན་ཆེས་མང་བའི་ཡུལ་དུ་གྱུར་ཡོད།
  • ལེ་ཚན་རྗེས་མ།:མགོ་ལོག་ཁུལ་གྱིས་ལས་བྱེད་པའི་ལུས་རྩལ་འགྲན་ཚོགས་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།