རྨ་ལྷོ་ནི་ནུབ་བྱང་དུ་བོད་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་མཁན་ཆེས་མང་བའི་ཡུལ་དུ་གྱུར་ཡོད།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2013-08-16

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དེ་རང་རྒྱལ་ནུབ་བྱང་ས་ཁུལ་ཁྲོད། རྒྱལ་ཁབ་རིམ་པའི་ལྷ་རིས་པ་དང་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པ་ཆེས་མང་བའི་ས་ཁུལ་དུ་གྱུར་པ་དང་། ཞིང་ཆེན་ཡོངས་སུ་འཛམ་གླིང་རིམ་པ་དང་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་ཅུང་མང་བའི་ས་ཁུལ་ཡིན་པ་རེད། 
  ཉེ་བའི་ལོ་ནང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ། དར་སྤེལ་བཅས་ཀྱི་སྲིད་ཇུས་དང་བྱེད་ཕྱོགས་གཏན་ལ་ཕབ་ཅིང་། ཐང་ག་དང་གཙགས་དྲུབས། དྲུག་པའི་ཀླུ་རོལ། བོད་ཀྱི་ཟློས་གར་སོགས་ས་གནས་རང་བཞིན་གྱི་རིག་གནས་མཚོན་རྟགས་དགུ་བསྐྲུན་པ་དང་། ཁུལ་ཡོངས་སུ་རྒྱལ་ཁབ་རིམ་པའི་གནས་སྐོར་མཛེས་ལྗོངས་དང་རིག་དངོས་སྲུང་སྐྱོབ་ལས་ཁུངས7དང་། ཞིང་ཆེན་རིམ་པའི་གནས་སྐོར་མཛེས་ལྗོངས་དང་རིག་དངོས་སྲུང་སྐྱོང་ལས་ཁུངས87། ཁུལ་རིམ་པའི་ཡན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་མིང་ཐོའི་ཁྲོད་བཞག་པའི་རིགས12དང་ཁག85ཡོད་པ་རེད། སྒྱུ་རྩལ་པ5ལ་རྒྱལ་ཁབ་རིམ་པའི་བཟོ་རྩལ་མཁན་པོའི་མཚན་གསོལ་བ་དང་། སྒྱུ་རྩལ་པ10ལ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པའི་མཚན་གསོལ། སྒྱུ་རྩལ་པ56ལ་ཞིང་ཆེན་རིམ་པའི་བཟོ་རྩལ་མཁན་པོའི་མཚན་གསོལ་ཡོད་པ་རེད།
  • ལེ་ཚན་སྔོན་མ།:བདེ་ཆེན་རྫོང་མེན་ཆིག་སྤོ་ལོའི་ལུས་རྩལ་གྱིས་རྒན་པའི་འཚོ་བ་སྣ་འཛོམས་སུ་བཏང་བ།
  • ལེ་ཚན་རྗེས་མ།:ཀྲུང་གོའི་དབུལ་སེལ་བྱ་དགའ་འགྲན་འདེམས་དང་གཟེངས་བསྟོད་བྱེད་པའི་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།