སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། 2013-08-16
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་རྒན་པའི་མེན་ཆིག་སྤོ་ལོའི་ལུས་རྩལ་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་ལ།དེང་སྐབས་རྒན་པ་རྣམས་ཀྱི་དཔེ་གསར་ཅན་གྱི་ལུས་རྩལ་ཞིག་ཏུ་གྱུར་ཡོད།
ཤེས་གསལ་བྱུང་བ་ལྟར་ན། བདེ་ཆེན་རྫོང་ལས་བྱེད་པ་རྒན་པའི་མེན་ཆིག་སྤོ་ལོའི་རུ་ཁག་ནི་ལོ་རབས་80པའི་སྐབས་བཙུགས་པ་ཡིན་ལ།ད་ལྟ་འཐུས་ཚབ་རུ་ཁག་དྲུག་ཡོད་དེ།ཁྱོན་བསྡོམས་སྤོ་ལོ་རྒྱག་མཁན་གྱི་མི་100ལྷག་ཡོད་པ་རེད།ལོ་མང་པོའི་རིང་ལ།མེན་ཆིག་སྤོ་ལོའི་ལུས་རྩལ་གྱིས་མཛའ་བཤེས་སྤེལ་བ་དང་ལུས་ཕུང་སྦྱོང་བརྡར་བྱེད་ཐུབ་ལ།ལྷག་པར་དུ་རྒན་པ་ལ་འཚམ་པས་བདེ་ཆེན་རྫོང་གི་རྒན་པ་རྣམས་ཀྱིས་ལོ་ན་རྒས་ཡང་སྤྲོ་སྐྱིད་གཏོང་བ་མངོན་འགྱུར་བྱུང་བ་རེད།བདེ་ཆེན་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་མེན་ཆིག་སྤོ་ལོའི་ལུས་རྩལ་ལ་གཙིགས་འཛིན་གལ་ཆེན་དང་རྒྱབ་སྐྱོར་བྱས་པ་རེད།སྔ་རྗེས་སུ་ལས་བྱེད་པ་རྒན་པ་རྣམས་ལ་ས་སྟོང་བྱིན་པ་དང་སྒོར་ཁྲི་80ལྷག་གི་མ་རྩ་བཏང་ནས་མེན་ཆིག་སྤོ་ལོའི་དོ་ར་གསུམ་ལས་རྒྱུ་དོན་ཏུ་འཁྱོལ་བས།ལས་བྱེད་པ་རྒན་པ་རྣམས་ཀྱིས་ཚད་ལྡན་གྱི་མེན་ཆིག་སྤོ་ལོའི་དོ་རར་སྦྱོང་བརྡར་དང་འགྲན་བསྡུར་གྱི་བྱ་འགུལ་སྤེལ་ཐུབ་པ་བྱུང་།དུས་རྒྱུན་སྦྱོང་བརྡར་གྱི་སྐབས་སུ།ས་གནས་གཞན་པའི་སྤོ་ལོའི་དགེ་རྒན་གདན་འདྲེན་བྱས་ཏེ་མེན་ཆིག་སྤོ་ལོའི་ཚད་གཞི་གསར་བ་དང་མེན་ཆིག་སྤོ་ལོའི་ནུས་རྩལ།ཤན་འབྱེད་མཁན།སྤོ་ལོའི་དགེ་རྒན་བཅས་གསོ་སྦྱོང་བྱས་པས།ལུས་རྩལ་བ་རྣམས་ཀྱིས་མེན་ཆིག་སྤོ་ལོའི་ལུས་རྩལ་ལ་ཤེས་རྟོགས་ཟབ་མོ་བྱུང་བ་དང་།ཚད་ངེས་ཅན་གྱིས་ཆུ་ཚད་ཅུང་མཐོ་བའི་མེན་ཆིག་སྤོ་ལོའི་རུ་ཁག་གཞན་བར་གྱི་བར་ཁྱད་ཇེ་ཐུང་དུ་བཏང་བ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10