མགོ་ལོག་ཁུལ་གྱིས་ལས་བྱེད་པའི་ལུས་རྩལ་འགྲན་ཚོགས་སྤེལ་བ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-08-19

མགོ་ལོག་ཁུལ་གྱིས་ལས་བྱེད་པའི་ལུས་རྩལ་འགྲན་ཚོགས་སྤེལ་བ།
མགོ་རྩོམ་མཛད་སྒོ།
མགོ་ལོག་ཁུལ་གྱིས་ལས་བྱེད་པའི་ལུས་རྩལ་འགྲན་ཚོགས་སྤེལ་བ།
ཁག་གསུམ་གྱིས་གྲུབ་པའི་མི་གཉིས་རྐང་གཤིབ་འགྲན་སྡུར།
མགོ་ལོག་ཁུལ་གྱིས་ལས་བྱེད་པའི་ལུས་རྩལ་འགྲན་ཚོགས་སྤེལ་བ།
ལྒང་ལི་འགྲན་སྡུར་གྱི་ཟུར་ཞིག

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ8པའི་ཚེས8ཉིན། མགོ་ལོག་ཁུལ་གྱིས་ཁུལ་གཏོགས་ལས་ཁུངས་ཀྱི་ལས་བྱེད་པའི་ལུས་རྩལ་འགྲན་ཚོགས་དང་གེ་སར་གླུ་གར་འཁྲབ་སྟོན་བྱ་འགུལ་དེ་མགོ་ལོག་ཁུལ་མི་རིགས་མཐོ་འབྲིང་སློབ་གྲྭའི་ལུས་རྩལ་ར་བར་སྤེལ་ཞིང་། འབྲེལ་ཡོད་མགོ་ཁྲིད་དག་མགོ་རྩོམ་མཛད་སྒོར་ཞུགས་པ་དང་། ཁུལ་གཏོགས་ལས་ཁུངས་དང་རྫོང་དྲུག་སོགས་ལས་གྲུབ་པའི་འཁྲབ་སྟོན་རུ་ཁག་ཉི་ཤུ་དང་། ལུས་རྩལ་པ་དང་འཁྲབ་སྟོན་པ་སྟོང་ལྷག་ཐེངས་འདིའི་བྱ་འགུལ་ཁྲོད་ཞུགས།

ཐེངས་འདིའི་བྱ་འགུལ་ནི་དུས་ཡུན་ཉིན་བཅུ་གཅིག་གི་རིང་ལ་སྤེལ་བ་ཡིན་ཞིང་། བསྡོམས་པས་ཚན་པ་ཆེ་བ་དྲུག་སྟེ། ཐག་འཐེན་འགྲན་སྡུར་དང་། ཐག་ཐག་ལྒང་ལི་འགྲན་སྡུར། ལྒང་ལི་འགྲན་སྡུར། མང་ཚོགས་སྤྲོ་བསྐྱེད་ལུས་རྩལ་རྣམ་གྲངས། མི་རིགས་སྲོལ་རྒྱུན་མདའ་རྩེད། སྐྱེས་པའི་རྐང་རྩེད་སྤོ་ལོ་འགྲན་སྡུར་སོགས་དུ་མ་མཆིས།

སྤྱི་ཟླ8པའི་ཚེས8ནས་ཚེས9ཉིན་གྱི་དགོང་མོ། མགོ་ལོག་ཁུལ་གྱི་རྫོང་དྲུག་གི་རིག་རྩལ་འཐུས་ཚབ་རུ་ཁག་གིས་ཁུལ་གེ་སར་གློག་བརྙན་ཟློས་གར་ཁང་དུ་རིག་རྩལ་འཁྲབ་སྟོན་བྱས་ཤིང་། འཁྲབ་སྟོན་གྱི་ནང་དོན་ཕུན་སུམ་ཚོགས་པ་དང་རྣམ་པ་སྣ་མང་ཡིན་པས། རྒྱ་ཆེའི་མི་དམངས་མང་ཚོགས་ལ་གྱ་ནོམ་པའི་རིག་གནས་སྤྲོ་སྟོན་ཞིག་བཤམས།  །  

  • ལེ་ཚན་སྔོན་མ།:ཀྲུང་གོའི་དབུལ་སེལ་བྱ་དགའ་འགྲན་འདེམས་དང་གཟེངས་བསྟོད་བྱེད་པའི་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས།
  • ལེ་ཚན་རྗེས་མ།:ལིས་ཁི་ཆང་གིས་ཀན་སུའུ་ས་འགུལ་གནོད་ཐེབས་ས་ཁུལ་གྱི་བྱ་བར་རྟོག་ཞིབ་མཛད་པ།
  • དོ་སྣང་ཆེ་བའི་རྩོམ།