ཀྲུང་གོའི་བོད་སྐད་རླུང་འཕྲིན། 2013-08-14
སྤྱི་ཡོངས་ནས་བལྟས་ན། སྤྱི་ཟླ7པའི་རང་བྱུང་གནོད་འཚེའི་ཐད་གཤམ་གསལ་གྱི་ཁྱད་ཆོས་མངོན་ཡོད་དེ། ཀན་སུའུ་ཀྲང་རྫོང་དང་མེན་རྫོང་གི་ས་ཡོམ་ཤུགས་རྐྱེན་ཆེ་བ་དང་མི་སྣ་ཤི་རྨས་ཚབས་ཆེ་བ། ཁང་པ་ལོག་པ་དང་གཏོར་སྐྱོན་ཕོག་པ་མང་པོ་ཡོད། ཆར་པ་བབས་པའི་བརྒྱུད་རིམ་མང་བ་དང་ཤུགས་ཚད་ཆེ་བ། ཆུ་ལོག་ཞོད་སྐྱོན་དང་ས་གཤིས་གནོད་འཚེའི་གྱོང་གུན་ཅུང་ཚབས་ལྕི་བ། ལྷོ་ཕྱོགས་སུ་རྒྱུན་མཐུད་ཚ་བ་ཆེ་བ་དང་ཆར་ཆུ་ཉུང་བ། རྒྱ་མཚོའི་རླུང་འཚུབ་ཀྱི་གྱོང་གུན་དེ་ཧྥུ་ཅན་དང་ཀོང་ཏུང་དུ་གཅིག་བསྡུས་བྱས་པ། གནོད་འཚེ་བསྐྱར་ཐོན་སྣང་ཚུལ་མངོན་གསལ་དོད་པ། གནོད་འཚེ་ཉིས་བརྩེགས་ཀྱི་གྱོང་གུན་ཚབས་ཆེ་བ་བཅས་ཡོད་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10