སྤྱི་བདེ་ལས་ཁུངས་ནས་དུག་རྫས་ཉེས་བསགས་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་བ།

    ཀྲུང་གོའི་བོད་སྐད་རླུང་འཕྲིན།    2013-08-14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ8པའི་ཚེས8ཉིན། སྤྱི་བདེ་པུས་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་བརྙན་མཐོང་གྲོས་ཚོགས་འཚོགས་ནས། སྤྱི་ཟླ8པའི་ཟླ་དཀྱིལ་ནས་སྤྱི་ཟླ12པའི་ཟླ་དཀྱིལ་བར་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་དུག་རྫས་གནོད་འཚེ་སེལ་ནས་བདེ་འཇགས་བསྐྲུན་པ་ཞེས་པའི་དུག་འགོག་ཉིན་བརྒྱའི་འགག་གཏོར་བྱ་ཐབས་སྒྲིག་འཛུགས་བྱེད་པའི་ཐད་བཀོད་སྒྲིག་བྱས་པ་དང་། རིམ་ཁག་སྤྱི་བདེ་ལས་ཁུངས་ནས་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་གལ་ཆེའི་མཛུབ་སྟོན་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་དུག་འགོག་ཉིན་བརྒྱའི་འགག་གཏོར་དམག་འཐབ་ཡག་པོ་རྒྱག་པ། མང་ཚོགས་ནས་ལན་ཆ་དྲག་པོ་བྱེད་པའི་མངོན་གསལ་དོད་པའི་དུག་རྫས་གནད་དོན་ཐག་གཅོད་ནན་ཏན་བྱེད་པ། དུག་འགོག་བྱེད་པའི་མི་དམངས་དམག་འཁྲུག་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཏོན་བྱས་ཡོད་པ་རེད།

ད་ལོའི་ལོ་སྟོད་དུ། རྒྱལ་ཡོངས་སུ་ཁྱོན་དུག་རྫས་ཉེས་བསགས་གྱོད་གཞི73000ཐོན་པ་དང་། དུག་རྫས་ཉེས་བསགས་དོགས་ཡོད་པ81000འཛིན་བཟུང་བྱས་པ་དེ་དུས་མཚུངས་ལས་ཁག་སོ་སོར32.9%དང34%མཐོ་རུ་སོང་བ། དུག་རྫས་ཧེ་ལོ་དབྱིན་ཏུན4ལྷག་དང་། འཁྱགས་དུག་ཏུན8ལྷག ལུ་ཨན་ཐུང་ཏུན6བཅས་གཞུང་བཞེས་བཏང་བས། དུག་རྫས་གནད་དོན་རྒྱ་ཡན་དུ་འགྲོ་རྒྱུར་བཀག་འགོག་ནུས་ལྡན་ཐུབ་ཡོད་པ་རེད།  །

 
0
  • ལེ་ཚན་སྔོན་མ།:རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་སྐད་གཉིས་ཤེས་ལྡན་མི་སྣ་གསོ་སྐྱོང་རྟེན་གཞི་ཡིས་བདེ་ཆེན་ཁུལ་ནས་གས
  • ལེ་ཚན་རྗེས་མ།:སྤྱི་ཟླ7པར་རང་རྒྱལ་གྱི་རང་བྱུང་གནོད་འཚེའི་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར་ཟིན་པ།
  • དོ་སྣང་ཆེ་བའི་རྩོམ།