ཀྲུང་གོ་བོད་ཀྱི་དྲ་བ། 2013-08-14
ཉིན7རིང་གི་གསོ་སྦྱོང་ཁྲོད། ཞིང་ཆེན་ཕྱིའི་ཆེད་ལས་མཁས་པ་དང་བདེ་ཆེན་ཁུལ་གྱི་བོད་སྐད་ཡིག་སློབ་གསོ་ཆེད་ལས་མཁས་པ་གདན་ཞུ་བྱས་ཏེ་གསོ་སྦྱོང་སྟེང་ཞུགས་པའི་དགེ་རྒན་ཚོར《སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་བསླབ་དེབ་སློབ་ཁྲིད་བྱེད་སྟངས》དང《སྐད་གཉིས་སློབ་གསོ་ནི་མི་རིགས་ས་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཐོན་པའི་དོན་སྙིང་གལ་ཆེན》དང《བོད་ཀྱི་རིག་གནས་རགས་བཤད》དང《རྒྱ་བོད་ལོ་ཙྰ་བྱེད་སྟངས》སོགས་ཆེད་དོན་གསོ་སྦྱོང་བྱས།
རྒྱུས་ལོན་པ་ལྟར་ན། 2011ལོ་ནས་བཟུང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ནན་ཏན་སྒོས་ཏང་གི་སྐབས17པའི་ཚང་འཛོམས་གྲོས་ཚོགས་ཐེངས6པ་དང་ཏང་གི་འཐུས་མི་ཚོགས་ཆེན་ཐེངས18པ། ད་དུང་ཀྲུང་དབྱང་གི་ཐེངས་ལྔ་བའི་བོད་ལྗོངས་བྱ་བའི་གྲོས་ཚོགས་དང་ཀྲུང་དབྱང་གི་ཞིན་ཅང་བྱ་བའི་གྲོས་ཚོགས་སོགས་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པ་དང་། བརྟག་དཔྱད་ཞིབ་འཇུག་བྱས་པའི་རྨང་གཞིའི་སྟེང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་དང་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་བཅས་ནས“རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་སྐད་གཉིས་ཤེས་ལྡན་མི་སྣ་གསོ་སྦྱོང་རྟེན་གཞི”བཙུགས། རྟེན་གཞིའི་ལས་འགན་གཙོ་བོ་ནི་གཞི་རིམ་ས་ཁུལ་ལ་མི་རིགས་སྐད་གཉིས་ཀྱི་ལོ་ཙྰ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་རྒྱུ་དང་། མི་རིགས་ས་ཁུལ་དང་འབྲེལ་ཡོད་ཏང་སྲིད་ལས་ཁུངས། དམག་དཔུང་། དྲག་ཆས་ཉེན་རྟོག་དམག་དཔུང་སོགས་ལ་སྐད་གཉིས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་རྒྱུ་ཡིན་པ་མ་ཟད། མི་རིགས་ས་ཁུལ་ལ་སྐད་གཉིས་སྨྲ་བའི་དགེ་རྒན་གྱི་དཔུང་སྡེ་གསོ་སྐྱོང་བྱེད་རྒྱུ་བཅས་ཡིན། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10