བོད་ལྗོངས་འཕྲིན་དྲ། 2013-08-14
རྟ་ཐོག་ནས་ཁ་བཏགས་སྒྲུག་པའི་རྟ་པའི་ཉམས་བཟང་།
སྤྱི་ཟླ8པའི་ཚེས10ཉིན། སྤྱི་ལོ2013ལོའི་ནག་ཆུའི་འཆར་ཅན་རྟ་རྒྱུགས་དུས་ཆེན་གཟབ་རྒྱས་ངང་གཏོང་འགོ་ཚུགས་པ་དང་། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་སྐྭུ་མགྲོན་དང་གཟིགས་མོ་བ། དེ་བཞིན་འཁྲབ་སྟོན་པ་སོགས་མི་གྲངས་ཁྲི་གཅིག་ལྷག་ཙམ་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།
ལོ་ལྟར་གྱི་དུས་ཆེན་དེའི་ནང་རྟ་རྒྱུགས་ལེ་ཚན་ནི་ཚང་མས་དགའ་ཤོས་བྱེད་ས་ཞིག་ཡིན་པ་དང་། ད་ལོ་ནག་ཆུའི་ཤང་གྲོང་རྡལ12ནས་ཡོང་བའི་འབྲོག་པའི་རྟ་པས་གཟིགས་མོ་བ་རྣམས་ལ་ངོ་མཚར་ལྡན་པའི་རྟ་རྒྱུགས་ལེ་ཚན་འཁྲབ་སྟོན་བྱས་པ་མ་ཟད། མང་ཚོགས་ཀྱི་ལས་ཞོར་འཁྲབ་སྟོན་པ907གྱིས་ཆེད་མངགས་ནང་སྦྱོང་བྱས་པའི་མཛེས་སྡུག་ལྡན་པའི་བྱང་ཐང་ཞེས་པའི་རིག་རྩལ་འཁྲབ་སྟོན་བྱས་པར་གཟིགས་མོ་བའི་དགའ་བསུ་ཆེན་པོ་ཐོབ་ཡོད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10