རྔ་བ་ཛམ་ཐང་ནས་འཛམ་གླིང་སྟེང་ཉར་ཚགས་ཆེས་ཆ་ཚང་བའི་བཀའ་བསྟན་འགྱུར་རྡོ་བརྐོས་མའི་དངོས་དཔེ་དཀོན་རིགས་གསར་རྙེད་བྱུང་བ།

ཕག་གྲུབ་ཀྱིས་བསྒྱུར།    རྔ་བ་གསར་འགྱུར་དྲ་བ།    2013-08-09

རྔ་བ་ཛམ་ཐང་ནས་འཛམ་གླིང་སྟེང་ཉར་ཚགས་ཆེས་ཆ་ཚང་བའི་བཀའ་བསྟན་འགྱུར་རྡོ་བརྐོས་མའི་དངོས་དཔེ་དཀོན་རིགས་གསར་

བཀའ་བསྟན་འགྱུར་རྡོ་བརྐོས་མའི་ཆག་རོ།

རྔ་བ་ཛམ་ཐང་ནས་འཛམ་གླིང་སྟེང་ཉར་ཚགས་ཆེས་ཆ་ཚང་བའི་བཀའ་བསྟན་འགྱུར་རྡོ་བརྐོས་མའི་དངོས་དཔེ་དཀོན་རིགས་གསར་

སྤུངས་ཡོད་པའི་བཀའ་བསྟན་འགྱུར་རྡོ་བརྐོས་མའི་དངོས་དཔེ་དཀོན་རིགས།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཛམ་ཐང་རྫོང་གི་སྤང་ཐང་དགོན་ནང་ཉར་ཚགས་བྱེད་པའི་བཀའ་བསྟན་འགྱུར་རྡོ་བརྐོས་མའི་གཡོན་གྱི་མཐོ་ཚད་ལ་མུས9.7དང་གཡས་ཀྱི་མཐོ་ཚད་ལ་མུས9.2ཡོད་ཅིང་། རིང་ཚད་ལ་མུས46དང་གཡོན་གྱི་ཞེང་ལ་མུས160ཡོད་ལ། གཡས་ཀྱི་ཞེང་ལ་མུས13དང་ས་ཁྱོན་སྨི་གྲུ་བཞི་མ598ཟིན་པའི་རྡོ་ལེབ་ཁྲི50ཙམ་ལོན་པའི་མིང་ཆིང་རྒྱལ་རབས་སྐབས་བརྐོས་པའི《བཀའ་འགྱུར》དང《བསྟན་འགྱུར》ནི་འཛམ་གླིང་སྟེང་ཉར་ཚགས་ཆེས་ཆ་ཚང་བ་དང་གཞི་ཁྱོན་ཆེས་ཆེ་བ། ནང་དོན་ཆེས་ཕུན་སུམ་ཚོགས་པའི་བཀའ་བསྟན་འགྱུར་རྡོ་བརྐོས་མའི་དངོས་དཔེ་དཀོན་རིགས་ཡིན་པ་རེད། དེ་ཡང་ལོ་རྒྱུས་དེབ་ཐེར་ནང་བཀོད་པ་ལྟར་ན། མིང་རྒྱལ་རབས་ཀྱི་དུས་མཇུག་དང་ཆིང་རྒྱལ་རབས་ཀྱི་དུས་འགོར་རྡོ་བཟོ་བ60ལྷག་གིས་ལོ་ངོ9ཡི་རིང་ལ་དཀའ་ངལ་ཁྱད་བསད་སྒོས་རྡོ་ལ་བརྐོས་ནས་ལེགས་འགྲུབ་བྱུང་། རྡོ་བརྐོས་བོད་ཡིག་ཆོས་དཔེ་སྟེང་རི་མོ་དང་ཡི་གེ་མཉམ་དུ་བཀོད་ཡོད་ལ། ཚིག་སྦྱོར་བདེ་པོ་དང་སྲབ་མཐུག་རན་པོ། ཕྱི་ནང་གསལ་བ། གསོན་ཤུགས་རྒྱས་པ་བཅས་ཀྱི་ཁྱད་ཆོས་ལྡན་པས། རིག་དངོས་དང་སྒྱུ་རྩལ་ཐད་ནས་ཞིབ་འཇུག་རིན་ཐང་ཆེན་མོ་ཡོད་པ་རེད།  །

  • ལེ་ཚན་སྔོན་མ།:གངས་ལྗོངས་བརྙན་རིས་ཞེས་པའི་གློག་བརྙན་བརྗོད་དོན་གྱི་བྱེད་སྒོ་སྤེལ་རྒྱུ།
  • ལེ་ཚན་རྗེས་མ།:མཚོ་སྔོན་པོ་རྒྱལ་སྤྱིའི་སྙན་ངག་དུས་ཆེན་སྐབས་བཞི་བའི་མགོ་རྩོམ་མཛད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།