གངས་ལྗོངས་བརྙན་རིས་ཞེས་པའི་གློག་བརྙན་བརྗོད་དོན་གྱི་བྱེད་སྒོ་སྤེལ་རྒྱུ།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2013-08-09

གངས་ལྗོངས་བརྙན་རིས་ཞེས་པའི་གློག་བརྙན་བརྗོད་དོན་གྱི་བྱེད་སྒོ་སྤེལ་རྒྱུ།

        ཉེ་ལམ། པེ་ལོའོ་ཧོས་གློག་བརྙན་ལྟེ་གནས་ཀྱིས་གངས་ལྗོངས་བརྙན་རིས་ཞེས་པའི་གློག་བརྙན་བརྗོད་དོན་གྱི་བྱེད་སྒོ་སྤེལ་ཏེ། ཉེ་བའི་ལོ་འགའི་ནང་གངས་ལྗོངས་སུ་ཕབ་བསྐྲུན་བྱས་པའི་གློག་བརྙན་གསུམ་ཏེ། བོད་ཀྱི་འཁྲབ་ཁྲིད་པ་ཐོག་མ་པདྨ་ཚེ་བརྟན་གྱི《དྲི་མེད་ཀུན་ལྡན་འཚོལ་བ》ཞེས་པ་དང་། ཟོན་ཐར་རྒྱལ་གྱི《དབུས་ལམ་གྱི་ཉི་མ》། དེ་མིན་མིང་གྲགས་འཁྲབ་ཁྲིད་པ་ཞེ་ཧྥེའི《ཡེ་ཤེས་སྒྲོལ་མ》བཅས་ལེགས་འདེམ་བྱས་ཏེ་སྟོན་རྒྱུ་ཡིན་ལ། ཚང་མ་བོད་སྐད་ཀྱི་ལམ་ནས་འཁྲབ་སྟོན་བྱེད་པ་དང་། རྒྱ་ཡིག་དང་དབྱིན་ཡིག་གི་བརྙན་ཡིག་བཀོད་ཡོད་པ་རེད།
སོ་སོ་གཏོང་བའི་དུས་ཚོད་ནི།
《དྲི་མེད་ཀུན་ལྡན་འཚོལ་བ》། The Search    ཟླ8པའི་ཚེས11ཉིན་ཏེ་གཟའ་ཉི་མའི་ཆུ་ཚོད16:00སྟེང་།
《དབུས་ལམ་གྱི་ཉི་མ》། The Sun Beaten Path   ཟླ8པའི་ཚེས18ཉིན་ཏེ་གཟའ་ཉི་མའི་ཆུ་ཚོད18:30སྟེང་།
《ཡེ་ཤེས་སྒྲོལ་མ》། Songs of Tibet   ཟླ8པའི་ཚེས25ཉིན་ཏེ་གཟའ་ཉི་མའི་ཆུ་ཚོད16:00སྟེང་།

  • ལེ་ཚན་སྔོན་མ།:བོད་ཀྱི་བུད་མེད་རྩོམ་རིག་གསར་རྩོམ་དཔྱད་གླེང་ཚོགས་འདུ་སྐབས་དང་པོ་ཟི་ལིང་དུ་བསྡུས།
  • ལེ་ཚན་རྗེས་མ།:རྔ་བ་ཛམ་ཐང་ནས་འཛམ་གླིང་སྟེང་ཉར་ཚགས་ཆེས་ཆ་ཚང་བའི་བཀའ་བསྟན་འགྱུར་རྡོ་བརྐོས་མའི་དངོས་དཔེ་དཀོན་རིགས་གསར་
  • དོ་སྣང་ཆེ་བའི་རྩོམ།