བོད་ཀྱི་བུད་མེད་རྩོམ་རིག་གསར་རྩོམ་དཔྱད་གླེང་ཚོགས་འདུ་སྐབས་དང་པོ་ཟི་ལིང་དུ་བསྡུས།

རིན་ཆེན།    མཚོ་སྔོན་བོད་རིགས་དྲ་བ།    2013-08-09

     བོད་ཀྱི་བུད་མེད་རྩོམ་རིག་གསར་རྩོམ་དཔྱད་གླེང་ཚོགས་འདུ་སྐབས་དང་པོ་ཟི་ལིང་དུ་བསྡུས།


2013ལོའི་སྤྱི་ཟླ་7པའི་ཚེས་24ཉིན་ལ།བོད་ཀྱི་བུད་མེད་རྩོམ་རིག་གསར་རྩོམ་དཔྱད་གླེང་ཚོགས་འདུ་སྐབས་དང་པོ་གནའ་མཁར་ཟི་ལིང་ནས་གཟབ་རྒྱས་ངང་བསྡུས་པ་རེད།   ཚོགས་འདུའི་སྟེང་བོད་རིགས་བུད་མེད་རྩོམ་པ་པོ་འཆི་མེད།ཚེ་རིང་དབྱངས་སྐྱིད།འོད་ཟེར་འཚོ།གཡང་མཚོ་སྐྱིད།དཔལ་མོ།མཁའ་མོ་རྒྱལ།ལྷ་མོ་སྐྱིད་སོགས་དང་།གཞན་བོད་ཀྱི་རྩོམ་རིག་ཆེད་མཁས་པ་ཟླ་བ་བློ་གྲོས་དང་།དགེ་བསྙེན་རྡོ་རྗེ།རྩོམ་རིག་དཔྱད་བརྗོད་པ་བདུད་ལྷ་རྒྱལ་དང་ཚེ་གྲུབ།སྒྲོལ་མ་སོགས་དང་།སྙན་ངག་པ་འཇུ་སྐལ་བཟང་དང་།སྨྲེང་བུ།མཛེས་སེ།ཁྲི་སེམས་དཔའ།ཁྱུང་བཟང་།མདོ་སྨད་ཧེ་རུ་ཀགེ་སར།འཕྲིན་ཁྱུང་།དཔའ་རྡོ་ཐར།རྡོ་སྦིས་རྡོ་རྗེ།མུན་འཇོམས་སྒྲོན་མེ།སྒྲུང་གཏམ་པ་ཚེ་རིང་དོན་གྲུབ་དང་བཀྲ་བྷ་སོགས་དང་།བོད་ཀྱི་སློབ་གསོ་བ་འཇིགས་མེད་རྒྱལ་མཚན་དང་།གླིང་ཚ་པད་དབང་།ཚེ་རིང་དོན་གྲུབ།རྨེ་རུ་ཡུལ་ལྷ་ཐར།རྩེར་སྙེག་རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ་ཚེ་བརྟན་རྡོ་རྗེ།སྤང་རྒྱན་མེ་ཏོག་རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ་ཆུང་བདགགངས་རྒྱན་མེ་ཏོག་གི་གཙོ་སྒྲིག་པ་ཀླུ་འབུམ་རྒྱལ།ཟླ་ཟེར་རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ་ཕྱག་རྡོར་ཚེ་རིང་།བོད་ཀྱི་རྩོམ་རིག་སྒྱུ་རྩལ་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་དཔལ་ལྷ།མང་ཚོགས་སྒྱུ་རྩལ་རྩོམ་སྒྲིག་ཁང་གི་ཚེ་རྒྱལ།ཁྲིམས་ལུགས་ཚགས་པར་ཁང་གི་རམས་ཚེ་བྷོ་དང་ལོ་བརྒྱ་ཚེ་རིང་སོགས་དང་།ད་དུང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དང་སྦྲང་ཆར་རྩོམ་སྒྲིག་ཁང་གི་མགོ་ཁྲིད་དང་རྩོམ་སྒྲིག་པ་ལྷན་རྒྱས།གངས་རིའི་བུ་མོ་རྩོམ་སྒྲིག་པ་སོགས་ཚོགས་མི་བརྒྱ་ལྷག་ཞུགས།
         དཔྱད་གླེང་ཚོགས་འདུའི་སྟེང་ཆེད་མཁས་དང་དཔྱད་བརྗོད་པ18ཀྱིས་བོད་ཀྱི་བུད་མེད་ཀྱི་རྩོམ་རིག་གསར་རྩོམ་གྱི་ད་ལྟའི་གནས་བབ་དང་།མིག་སྔའི་གནད་དོན།འཕེལ་རྒྱས་ཀྱི་མདུན་ལྗོངས་བཅས་སུ་འབྲེལ་ནས་བོད་ཀྱི་དེང་རབས་ཀྱི་རྩོམ་རིག་གི་སྤྱིའི་རྣམ་པ་སོགས་སུ་དབྱེ་ཞིབ་ཕྲ་ཞིང་ཞིབ་པ་བྱས་ནས།གནད་ལ་འཐིངས་པའི་ལྟ་བ་དང་གྲོས་འཆར་བཏོན་ཞིང་།ཐེངས་འདིའི་དཔྱད་གླེང་ཚོགས་འདུའི་སྟེང་བོད་ཀྱི་བུད་མེད་ཀྱི་རྩོམ་རིག་གསར་རྩོམ་དེ་བོད་ཀྱི་དེང་རབས་རྩོམ་རིག་གི་གྲས་སུ་བཞག་ནས་བགྲོ་གླེང་བྱས་པ་ནི་ཐེངས་དང་པོ་ཡིན་ལ།དེས་བོད་ཀྱི་རྩོམ་རིག་གསར་རྩོམ་དེ་འཕེལ་རྒྱས་ཀྱི་སྐས་རིམ་གསར་པ་ཞིག་ཏུ་བསླེབས་པ་མཚོན་ཐུབ་པའི་ཁར།བོད་ཀྱི་བུད་མེད་ཀྱི་རྩོམ་རིག་གསར་རྩོམ་ལ་ཤན་སྟོབས་ངེས་ཅན་ཞིག་ཐོབ་ངེས་པ་རེད།
  • ལེ་ཚན་སྔོན་མ།:༼ དཔྱོད་ལྡན་མཆོད་པའི་མེ་ཏོག ༽གི་རྩོམ་བསྡུའི་ཞུ་ཡིག
  • ལེ་ཚན་རྗེས་མ།:གངས་ལྗོངས་བརྙན་རིས་ཞེས་པའི་གློག་བརྙན་བརྗོད་དོན་གྱི་བྱེད་སྒོ་སྤེལ་རྒྱུ།
  • དོ་སྣང་ཆེ་བའི་རྩོམ།