མཚོ་སྔོན་པོ་རྒྱལ་སྤྱིའི་སྙན་ངག་དུས་ཆེན་སྐབས་བཞི་བའི་མགོ་རྩོམ་མཛད་སྒོ་སྤེལ།
ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2013-08-12
ཟླ8པའི་ཚེས8ཉིན། མཚོ་སྔོན་པོ་རྒྱལ་སྤྱིའི་སྙན་ངག་དུས་ཆེན་སྐབས་བཞི་བའི་མགོ་རྩོམ་མཛད་སྒོ་སྤེལ་ཞིང་། 2013ལོའི་རྒྱལ་སྤྱིའི་སྙན་ངག་བྱ་དགའ་ཐོབ་མཁན་ཞུ་ལེ་ཡ་རྒྱལ་ཁབ་ཀྱི་སྙན་ངག་པ་ཨ་དོ་ཉེ་སི་དང་ཨ་རིའི་སྙན་ངག་པ་སི་མན་ཨུ་ཏེ་སི་མགོ་རྩོམ་མཛད་སྒོ་དང་མཐོ་རིམ་གླེང་སྟེགས་སུ་ཞུགས་ཡོད་པ་དང་། གཞན་ད་དུང་ཀྲུང་གོ་དང་། ཧྥ་རན་སི། འཇར་མན། ཨུ་རུ་སུ། ཨ་ཀིམ་ཐིན་སོགས་རྒྱལ་དང་ས་ཁུལ་གྱི་སྙན་ངག་པ་རྣམས་ཀྱང་ཚོགས་འདུར་ཞུགས།
མཛད་སྒོའི་རྗེས་སུ། སྙན་ངག་པའི་རྩོམ་འབྲི་དང་སྙན་ངག་གི་སྤྱི་ཚོགས་རང་བཞིན་བརྗོད་བྱར་བཟུང་སྟེ་རྒྱལ་ཁབ་ཕྱི་ནང་གི་ཚོགས་ཞུགས་སྙན་ངག་པ་རྣམས་ཀྱིས་སྙན་ངག་རིན་ཐང་གི་གཏན་ཐིག་གཏན་འཁེལ་དང་། སྤྱི་ཚོགས་ཀྱི་ནུས་པ། གསར་རྩོམ་སྐབས་ཀྱི་ནོར་འཛོལ་བཅས་ཐད་ནས་སོ་སོའི་བསམ་ཚུལ་བརྗོད་པ་རེད།
སྐབས་འདིའི་སྙན་ངག་དུས་ཆེན་ནི་དུས་ཡུན་ཉིན་བཞི་ལ་སྤེལ་བ་ཡིན་ཞིང་། དེར་གླེང་སྟེགས་ལས་གཞན་ད་དུང་མཉམ་སྒྲོལ་རོལ་དབྱངས་སྤྲོ་ཚོགས་དང་སྙན་ངག་གྱེར་འདོན་སོགས་བྱ་འགུལ་དུ་མ་འདུས།