བོད་ཡིག་ཡིག་གཟུགས་ཤོག་དྲིལ་རིང་མོར་ཇི་ཉི་སིའི་འཛམ་གླིང་ཟིན་ཐོའི་དཔང་ཡིག་ཐོབ་པ།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2013-08-12

བོད་ཡིག་ཡིག་གཟུགས་ཤོག་དྲིལ་རིང་མོར་ཇི་ཉི་སིའི་འཛམ་གླིང་ཟིན་ཐོའི་དཔང་ཡིག་ཐོབ་པ།
བོད་ཡིག་ཡིག་གཟུགས་ཤོག་དྲིལ་རིང་མོར་ཇི་ཉི་སིའི་འཛམ་གླིང་ཟིན་ཐོའི་དཔང་ཡིག་ཐོབ་པ།

  ཉེ་ཆར། བོད་ལྗོངས་ཀྱི་རྡོར་ལུགས་ཐང་གའི་སྲོལ་འབྱེད་མཁན་གཉན་ཤུལ་རྡོ་རྗེ་དོན་གྲུབ་ལགས་དང་ཡིག་མཁན་དགེ་མང་འཇམ་དཔལ་ལགས་གཉིས་ཀྱིས་བསྒྲིགས་པའི་བོད་ཡིག་ཡིག་གཟུགས་སྣ177གྱིས་གྲུབ་པ་དང་རིང་ཚད་ལ་སྨི206ཡོད་པའི་བོད་ཡིག་ཡིག་གཟུགས་ཤོག་དྲིལ་རིང་མོ་དེར་ཇི་ཉི་སིའི་འཛམ་གླིང་ཟིན་ཐོའི་དཔང་ཡིག་ཐོབ་ཅིང་། དེ་ནི་འཛམ་གླིང་སྟེང་ཡིག་གཟུགས་ཀྱི་རིགས་ཆེས་མང་བ་དང་རིང་ཚད་ཆེས་རིང་བའི་བོད་ཡིག་ཡིག་གཟུགས་ཤོག་དྲིལ་རིང་མོ་ཡིན་པ་རེད།
  བོད་ཡིག་ཡིག་གཟུགས་ཤོག་དྲིལ་རིང་མོ་དེ་ད་ལོའི་ཟླ5པར་བསྡུས་པའི་ཐེངས་དང་པོའི་ཀརྨ་བི་ཤྭའི་བུམ་པའི་བོད་ཀྱི་ཕུལ་བྱུང་རི་མོའི་བཤམས་སྟོན་སྟེང་བྱ་དགའ་ཨང་དང་པོ་ཐོབ་མྱོང་བ་རེད།

  • ལེ་ཚན་སྔོན་མ།:མཚོ་སྔོན་པོ་རྒྱལ་སྤྱིའི་སྙན་ངག་དུས་ཆེན་སྐབས་བཞི་བའི་མགོ་རྩོམ་མཛད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:ལྷ་སའི་ཞོ་སྟོན་གྱི་འགོ་བཙུགས་མཛད་སྒོ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་ཚོགས་པ།
  • དོ་སྣང་ཆེ་བའི་རྩོམ།