བོད་ལྗོངས་འཕྲིན་དྲ། 2013-08-12
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ8པའི་ཚེས6ཉིན་གྱི་དགོང་མོ། སྤྱི་ལོ2013ལོའི་ཀྲུང་གོ་ལྷ་སའི་ཞོ་སྟོན་གྱི་འགོ་བཙུགས་མཛད་སྒོ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་ཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷས་སྤྱི་ལོ2013ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་འགོ་བཙུགས་པའི་ཁྱབ་བསྒྲགས་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་དབུ་འཁྲིད་མྰ་རུའུ་ལུང་དང་མོང་ཏེ་སླིད། ཅིན་ཧྲི་ཤུན་སོགས་འགོ་བཙུགས་མཛད་སྒོར་ཕེབས་ཡོད་པ་རེད།
ད་ལོའི་ཞོ་སྟོན་གྱི་དམིགས་ཡུལ་གཙོ་བོ་ནི་ལོ་ངོ་སྟོང་གི་ཞོ་སྟོན་རིག་གནས་ཀྱིས་འབྲེལ་ཟམ་བྱེད་པ་དང་སྲོལ་རྒྱུན་གྱི་གོས་སྐུ་བཀྲམས་པ་དང་ལྷ་མོ་འཁྲབ་པ། ལུས་རྩལ་འགྲན་བསྡུར་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས། ལྷ་སའི་གོང་འཕེལ་དང་བརྟན་ལྷིང་ལ་ཐོབ་པའི་གྲུབ་འབྲས་ཆེ་མོ་དང་། མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་མངོན་པ་བྱེད་རྒྱུ་དེ་རེད། འགོ་བཙུགས་མཛད་སྒོའི་ཐོག་རིག་རྩལ་འཁྲབ་སྟོན་དང་ཤོག་སྦག་རྒྱབ་པའི་དགོང་ཚོགས་འཚོགས་པ་དང་། དགོང་ཚོགས་འདི་ཞབས་བྲོ་ཆེ་གྲས་མཛེས་སྡུག་ལྡན་པའི་ལྷ་སས་ཁྱེད་ལ་བསུ་བ་ཞུ་ཞེས་པའི་ཁྲོད་འགོ་བཙུགས་པ་དང་། གླུ་གཞས་བདེ་སྐྱིད་ལྡན་པའི་ཞོ་སྟོན་ཞེས་པའི་ཁྲོད་མཇུག་སྒྲིལ་བ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10