ཀྲུང་གོའི་བོད་སྐད་རླུང་འཕྲིན། 2013-08-13
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ8པའི་ཚེས8ཉིན། ནང་སོག་རང་སྐྱོང་ལྗོངས་ཀྱི་སྐབས་བརྒྱད་པའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་དེ་ཤི་ལིན་ཀོ་ལ་མོང་ཤི་ལིན་ཧའོ་ཐེ་གྲོང་ཁྱེར་དུ་སྤེལ་འགོ་ཚུགས་ཡོད་པ་རེད།
ལུས་རྩལ་འགྲན་ཚོགས་ཐོག་ཁྱོན་བསྡོམས་བེ་གེ་དང་རྟ་རྒྱུགས། ཚ་ཁ་ལྟ་བ། སོག་རིགས་ཀྱི་མིག་མངས། རྡོ་བཀྱག་སོགས་འགྲན་སྡུར་རྣམ་གྲངས13དང་འཁྲབ་སྟོན་རྣམ་གྲངས8བཀོད་སྒྲིག་བྱས་ཡོད་པ་དང་བྱེད་སྒོའི་ནང་ཞུགས་མཁན་མི་གྲངས5000ཟིན་ཞིང་དེའི་ནང་འཐུས་མི་ཚོགས་པའི་དཔོན་རིགས་དང་ཤན་འབྱེད་པ། ལུས་རྩལ་པ་སོགས་མི2200ལྷག་ཡོད་པ་རེད།
ཐེངས་འདིའི་ནང་སོག་གི་མི་རིགས་ལུས་རྩལ་འགྲན་ཚོགས་དེ་སྤྱི་ཟླ8པའི་ཚེས11ཉིན་མཇུག་འགྲིལ་རྒྱུ་ཡིན་པ་དང་ལུས་རྩལ་འགྲན་ཚོགས་རིང་ས་གནས་དེ་གས་ད་དུང་སྐབས་གསུམ་པའི་བཀྲ་ཤིས་རྩ་ཐང་སྟེ་ཤི་ལིན་ཀོ་ལའི་ན་ཏ་མུའུ་དུས་ཆེན་དང་ཡུལ་སྐོར་སྤྲོ་འཆམ། སྙན་གསེང་འཁྲབ་སྟོན། མི་རིགས་ཀྱི་གྱོན་ཆས་གདན་ཞུའི་འགྲན་སྡུར་སོགས་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10