རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཐེངས་བཅུ་གསུམ་པ་ཕྱི་སོག་ཏུ་འཚོགས།

        2013-08-01

  མི་དམངས་དྲ་བའི་འཕྲིན།སོག་པོའི་ཚན་རིག་ཞིབ་འཇུག་ལྟེ་གནས་ཀྱི་ལོ་རྒྱུས་ཞིབ་འཇུག་ཁང་དང་།རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པ།སོག་པོའི་རྒྱལ་ཡོངས་སློབ་གྲྭ་ཆེན་མོའི་སྤྱི་ཚོགས་ཚན་རིག་སློབ་གླིང་དང་།སོག་པོའི་བོད་རིག་པའི་ཞིབ་འཇུག་ཚོགས་པ་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཐེངས་བཅུ་གསུམ་པ་དེ་ཟླ་བ7པའི་ཚེས21ཉིན་ཕྱི་སོག་གི་རྒྱལ་ས་ཨོ་ལན་བྷ་ཐུ་གྲོང་ཁྱེར་དུ་ཚོགས་འགོ་བཙུགས་པ་རེད།ཚོགས་འདུར་སོག་པོའི་རྒྱལ་སར་རྟེན་གཞི་བྱས་པའི་རྒྱ་གར་གྱི་གཞུང་ཚབས་ཆེན་མོ་དང་སོག་པོའི་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཏེ་ལོ་རིན་པོ་ཆེ།བོད་ཁམས་ནས་པ་སངས་དབང་འདུས་ལགས་དང་།གུ་གེ་ཚེ་རིང་རྒྱལ་པོ།ཐུབ་བསྟན་ཕུན་ཚོགས།རྒྱལ་མོ་འབྲུག་པ།སྐྱབས་ཆེན་བདེ་གྲོལ།བྱང་ངོས་ཚེ་གཡང་སོགས་དང་།ནུབ་ཕྱོགས་ནས་ལོ་རྒྱུས་སྨྲ་བ་བཀྲ་ཤིས་ཚེ་རིང་ལགས།གློག་ཀླད་ཆེད་མཁས་པ་བློ་བཟང་སྨོན་ལམ་སོགས་རྒྱལ་ཁབ་ཕྱི་ནང་གི་བོད་རིག་པ་སྨྲ་བ་ལྔ་བརྒྱ་ཙམ་འདུ་འཛོམས་བྱས་ནས།ཉིན་བདུན་གྱི་རིང་ལ་ཚོགས་ཆུང་ཁག་བགོས་ཏེ་ཁམས་པ་སོ་སོའི་ཆེད་རྩོམ་སྒྲོག་སྦྱང་གནང་རྒྱུ་རེད།ཚོགས་འདུའི་དུས་ཡུན་ནི་ཟླ7ཚེས21ཉིན་ནས་ཚེས27ཉིན་བར་རེད།
  • ལེ་ཚན་སྔོན་མ།:སྐབས་གསུམ་པའི་འཛམ་གླིང་གི་ན་གཞོན་ནང་བསྟན་གྲོས་ཞིབ་ཚོགས་འདུ་ཤང་ཀང་དུ་འཚོགས།
  • ལེ་ཚན་རྗེས་མ།:རྨ་ཁུག་གྱི་ལིང་ཞེས་པའི་གློག་བརྙན་ཀྲུང་དབྱང་བརྙན་འཕྲིན་ཁང་གློག་བརྙན་འཕྲིན་ལམ་ནས་བཏང་།
  • དོ་སྣང་ཆེ་བའི་རྩོམ།