རྨ་ཁུག་གྱི་ལིང་ཞེས་པའི་གློག་བརྙན་ཀྲུང་དབྱང་བརྙན་འཕྲིན་ཁང་གློག་བརྙན་འཕྲིན་ལམ་ནས་བཏང་།

    མཚོ་སྔོན་པོ་དྲ་བ།    2013-08-02

རྨ་ཁུག་གྱི་ལིང་ཞེས་པའི་གློག་བརྙན་ཀྲུང་དབྱང་བརྙན་འཕྲིན་ཁང་གློག་བརྙན་འཕྲིན་ལམ་ནས་བཏང་།

རྨ་ཁུག་གྱི་ལིང་ཞེས་པའི་གློག་བརྙན་ཀྲུང་དབྱང་བརྙན་འཕྲིན་ཁང་གློག་བརྙན་འཕྲིན་ལམ་ནས་བཏང་བ།
    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་དྲིལ་སྒྲོལ་པུའུ་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། པེ་ཅིན་ཤར་ཕྱོགས་རོན་ཡིན་གློག་བརྙན་རིག་གནས་དར་སྤེལ་ཚད་ཡོད་ཀུང་ཟི་བཅས་ཀྱིས་མཉམ་འབྲེལ་སྒོས་ཕབ་བསྐྲུན་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་འཚོ་རྣམ་དང་མི་རིགས་མང་པོའི་རིག་གནས་ཁྱད་འཕགས་མངོན་པར་མཚོན་པའི་གློག་བརྙན«རྨ་ཁུག་གྱི་ལིང»ཞེས་པ་སྤྱི་ཟླ7པའི་ཚེས30ཉིན་གྱི་ནམ་གུང་གི་དུས་ཚོད་གཉིས་དང་སྐར་མ་ཞེ་གསུམ་སྟེང་། ཀྲུང་དབྱང་བརྙན་འཕྲིན་ཁང་གློག་བརྙན་འཕྲིན་ལམ་དུ་བཏང་།
    གློག་བརྙན་འདི་ནི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་ཕྱོགས་བསྡུས་ལེ་ཚན་གྱིས་ཕབ་བསྐྲུན་བྱས་པའི་བོད་སྐད་གློག་བརྙན་ཐོག་མ་ཡིན་ཞིང་། 2008ལོར་ཕབ་བསྐྲུན་བྱས་པའི་ལེའུ6ཅན་གྱི་མུ་འབྲེལ་བརྙན་འཕྲིན«མོ་སྟོན་ཕག་མགོ»དང2009ལོར་ཕབ་པའི་ལེའུ8ཅན་གྱི་མུ་འབྲེལ་བརྙན་འཕྲིན«ཁ་སང་གི་གཏམ་རྒྱུད»ཀྱི་རྗེས་སུ་ལེགས་འགྲུབ་བྱུང་བའི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་ཁྲིད་པ་རྡོ་གྲགས་ཀྱིས་སྒྲིག་འཁྲབ་དང་འཁྲབ་ཁྲིད་གནང་བའི་གློག་བརྙན་ཞིག་རེད།
    2012ལོའི་ཟླ7པར་གློག་བརྙན་འདི་ཕབ་མགོ་བརྩམས་པ་ནས་བཟུང་། ཉིན20ལྷག་གི་ཡུལ་དངོས་ཕབ་སྐྲུན་དང་ཟླ་བ3ལྷག་གི་དུས་མཇུག་སྒྲིག་བཟོ་བརྒྱུད། མིག་སྔར་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཚོགས་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་ཞིབ་བཤེར་གཏན་འབེབས་བྱས་ཟིན་པ་དང་བདེ་བླག་ངང་འགྲེམ་གཏོང་དཔང་ཡིག་དང་ལག་རྩལ་ཚད་མཐུན་ཡི་གེ་བླངས་པ་མ་ཟད། རྒྱལ་ཁབ་རྒྱང་བསྒྲགས་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་རྒྱལ་ཡོངས་གྲངས་ཉུང་མི་རིགས་སྤྱི་ཕན་གློག་བརྙན་གྱི་གྲས་སུ་བདམས་ལ། གྲངས་ཉུང་མི་རིགས་སོ་སོའི་སྐད་དུ་བསྒྱུར་ནས་རྒྱལ་ཡོངས་གྲངས་ཉུང་མི་རིགས་ས་ཁུལ་དུ་སྐོར་བསྐྱོད་འགྲེམ་གཏོང་བྱེད་རྒྱུ་རེད། །
  • ལེ་ཚན་སྔོན་མ།:རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཐེངས་བཅུ་གསུམ་པ་ཕྱི་སོག་ཏུ་འཚོགས།
  • ལེ་ཚན་རྗེས་མ།:ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
  • དོ་སྣང་ཆེ་བའི་རྩོམ།