སྐབས་གསུམ་པའི་འཛམ་གླིང་གི་ན་གཞོན་ནང་བསྟན་གྲོས་ཞིབ་ཚོགས་འདུ་ཤང་ཀང་དུ་འཚོགས།

        2013-08-01

མི་དམངས་དྲ་བའི་འཕྲིན།ཉེ་ཆར་འཛམ་གླིང་གི་ན་གཞོན་ནང་བསྟན་ཞིབ་འཇུག་ཚོགས་པ་དང་ཤང་ཀང་སློབ་གསོའི་སློབ་གླིང་གཉིས་ཀྱིས་མཉམ་དུ་སྒྲུབ་པའི་སྐབས་གསུམ་པའི་འཛམ་གླིང་གི་ན་གཞོན་གྱི་ནང་བསྟན་གྲོས་ཞིབ་ཚོགས་འདུ་དེ་ཞང་ཀང་དུ་འཚོགས་པ་རེད།ཨ་རི་དང་དབྱིན་ཇི།འཇར་མན་སོགས་རྒྱལ་ཁབ13ནས་ཡོང་བའི་དགེ་རྒན་དང་སློབ་ཆེན་པ།ལས་རིགས་ཁག་གི་མི་སྣ།དེ་མིན་གནམ་བདག་ཆོས་ལུགས་དང་དབྱི་སི་ལན་ཆོས་ལུགས་སོགས་ཆོས་ལུགས་ཆེན་པོ་བརྒྱད་ཀྱི་འཐུས་ཚབ་མི་སྣ་རྣམས་ཚོགས་འདུར་ཞུགས་ནས།ནང་བསྟན་དང་ཆོས་ལུགས་གཞན་བར་གྱི་རིག་གནས་སྣང་ཚུལ་གསུང་གླེང་དང་།ནང་བསྟན་གྱི་སྲོག་ཤིང་དུ་གྲུབ་པའི་རིན་ཐང་།གཞན་ཕན་སོགས་ནས་བགྲོ་གླེང་རྒྱ་ཆེན་པོ་གནང་བར་མ་ཟད།མཁན་པོ་བསོད་ནམས་དར་རྒྱས་སོགས་ཀྱིས་འཆད་ཁྲིད་ཀྱང་གནང་བ་རེད།
  • ལེ་ཚན་སྔོན་མ།:ཀྲུང་གོ• མཚོ་སྔོན“རྨ་ཡུལ་གེ་སར་རིག་གནས”དར་ལག་གླེང་སྟེགས་འཚོགས་པ།
  • ལེ་ཚན་རྗེས་མ།:རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཐེངས་བཅུ་གསུམ་པ་ཕྱི་སོག་ཏུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།