ཀྲུང་གོ• མཚོ་སྔོན“རྨ་ཡུལ་གེ་སར་རིག་གནས”དར་ལག་གླེང་སྟེགས་འཚོགས་པ།

    ཀྲུང་གོ་བོད་ཀྱི་དྲ་བ།    2013-07-31

ཀྲུང་གོ• མཚོ་སྔོན“རྨ་ཡུལ་གེ་སར་རིག་གནས”དར་ལག་གླེང་སྟེགས་འཚོགས་པ།

རྒྱལ་ཡོངས གེ་སར བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ནོར་བུ་དབང་ལྡན་གྱིས་གླེང་སྟེགས་འགོ་རྩོམ་པའི་མཛད་སྒོའི་སྟེང་གསུང་བཤད་གནང་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། (གསར་འགོད་པ། མཁའ་འགྲོ་ཚེ་བརྟན། ) སྤྱི་ཟླ7པའི་ཚེས25ཉིན་ཀྲུང་གོ• མཚོ་སྔོན“རྨ་ཡུལ་གེ་སར་རིག་གནས”དར་ལག་གླེང་སྟེགས་དེ་གེ་སར་རིག་གནས་ཀྱི་ཕ་ས་སྟེ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་དར་ལག་རྫོང་དུ་བསྡུས། ཐེངས་འདིའི་གླེང་སྟེགས་ཀྱི་ནང་དོན་ཕུན་སུམ་ཚོགས་ཤིང་ཁྱད་ཆོས་འབུར་ཐོན་ཡིན་པས་མགོ་ལོག་ཁུལ་གྱི་གེ་སར་རིག་གནས་ལས་དོན་དར་རྒྱས་ཡོང་བ་དང་གེ་སར་རིག་གནས་ཤུལ་རྟེན་སྔོག་འདོན་དང་དཔྱད་འཇོག  མྱུར་སྐྱོབ་བཅས་ཀྱི་ཐད་ལ་སྐུལ་སྤེལ་གྱི་ནུས་པ་ཐོན་ངེས།

གླེང་སྟེགས་ཀྱི་ནང་དོན་ཡོངས་ལ་གླེང་སྟེགས་འགོ་རྩོམ་པའི་མཛད་སྒོ་དང"གེ་སར་རིག་གནས་སྲུང་སྐྱོང་དཔེ་སྟོན་སྡེ་ཁག"གི་སྒོ་བྱང་འགེལ་བ། “མཚོ་སྔོན་ཞིང་ཆེན《གེ་སར》རིག་གནས་ཞིབ་འཇུག་རྟེན་གཞི་སྟེ་སེང་འབྲུག་སྟག་རྩེ་ཕོ་བྲང”ཞེས་པའི་རྡོ་རིང་བསླངས་པའི་མཛད་སྒོ། སྐབས་དང་པོའི་མགོ་ལོག•དར་ལག་ཨ་སྟག་ལྷ་མོ་རྟ་རྒྱུགས་འགྲན་ཚོགས་འགོ་རྩོམ་པའི་མཛད་སྒོ། དེ་མིན་ཀྲུང་གོ• མཚོ་སྔོན“རྨ་ཡུལ་གེ་སེར་རིག་གནས”དར་ལག་གླེང་སྟེགས་ཀྱི་དཔྱད་གླེང་ཚོགས་འདུ་བཅས་འདུས་ཡོད་པ་རེད།

གླེང་སྟེགས་ལ་ཀྲུང་གོའི《གེ་སར》བྱ་བའི་འགོ་ཁྲིད་ཚན་ཆུང་གི་གཞུང་སྒྲུབ་ཁང་དང་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། མགོ་ལོག་ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་འགོ་ཁྲིད་དང་། ཞིང་ཆེན་ཕྱི་ནང་གི་གེ་སར་ཆེད་མཁས་པ་དང་སྒྲུང་བ40ལྷག་དང་། ཀྲུང་དབྱང་དང་ཞིང་ཆེན་ཕྱི་ནང་གི་གསར་འགོད་པ10ལྷག་བཅས་ཞུགས་ཡོད། །

ཀྲུང་གོ• མཚོ་སྔོན“རྨ་ཡུལ་གེ་སར་རིག་གནས”དར་ལག་གླེང་སྟེགས་འཚོགས་པ།

ཀྲུང་གོ• མཚོ་སྔོན“རྨ་ཡུལ་གེ་སར་རིག་གནས”དར་ལག་གླེང་སྟེགས་འཚོགས་པ།

ཀྲུང་གོ• མཚོ་སྔོན“རྨ་ཡུལ་གེ་སར་རིག་གནས”དར་ལག་གླེང་སྟེགས་འཚོགས་པ།

སྒྲུང་བ་དག་གིས་གེ་སར་སྒྲུང་བཤད་བཞིན་པ།

ཀྲུང་གོ• མཚོ་སྔོན“རྨ་ཡུལ་གེ་སར་རིག་གནས”དར་ལག་གླེང་སྟེགས་འཚོགས་པ།

སེང་ལྕམ་འབྲུག་མོ་བུད་མེད་ཟློས་གར་ཚོགས་པས་གེ་སར་སྒྲུང་འཁྲབ་བཞིན་པ།

ཀྲུང་གོ• མཚོ་སྔོན“རྨ་ཡུལ་གེ་སར་རིག་གནས”དར་ལག་གླེང་སྟེགས་འཚོགས་པ།

འདི་ནི་ཚོགས་རའི་ཟུར་ཞིག་རེད།

  • ལེ་ཚན་སྔོན་མ།:བོད་ཀྱི་ཟློས་གར་འཛིན་སྤེལ་གྱི་གྲོས་ཞིབ་ཚོགས་འདུ་ཟླ8པར་འཚོགས་རྒྱུ་རེད།
  • ལེ་ཚན་རྗེས་མ།:སྐབས་གསུམ་པའི་འཛམ་གླིང་གི་ན་གཞོན་ནང་བསྟན་གྲོས་ཞིབ་ཚོགས་འདུ་ཤང་ཀང་དུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།