སྐབས་བརྒྱད་པའི་གནམ་མཚོའི་རྒྱལ་སྤྱིའི་རྐང་བགྲོད་ཚོགས་འདུ་སྤྱི་ཟླ8པའི་ནང་འཚོགས་རྒྱུ་ཡིན།

    ཀྲུང་གོའི་བོད་ལྗོངས་དྲ་བ།    2013-07-26

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་སྤྱི་ཟླ8པའི་ནང་དུ། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱིས་བརྗོད་དོན་དུ། གནམ་གྱི་རྩེ་རུ་སྙེག གནམ་མཚོ་ཕྱུར་མོར་སྐྱོད་ཅེས་པའི་གནམ་མཚོའི་རྒྱལ་སྤྱིའི་རྐང་བགྲོད་ཚོགས་འདུ་འཚོག་རྩིས་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན།ཐེངས་འདིའི་བྱ་འགུལ་ནི་ལྷ་ས་གྲོང་ཁྱེར་སྲིད་གཞུང་དང་བོད་རང་སྐྱོང་ལྗོངས་ཡུལ་སྐོར་ཅུས།བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་བཅས་ཀྱིས་གཙོ་སྒྲུབ་གནང་ཞིང་།ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་དང་འདམ་གཞུང་རྫོང་སྲིད་གཞུང་།ཀྲུང་གོའི་འཚེམ་གྲུབ་ཚོང་ལས་མཐུན་ཚོགས་བཅས་ཀྱིས་འགན་སྒྲུབ་གནང་བ་རེད། ཚོད་རྩིས་བྱས་པ་ལྟར་ན་ཐེངས་འདིའི་རྐང་བགྲོད་ཀྱི་ལམ་ཐག་ལ་སྤྱི་ལེ18ཡོད་ལ།བཀྲ་ཤིས་གླིང་ཕྲན་ཕྱེད་མ་སྐོར་ནས་སྐྱོད་པ་རེད།ཐེངས་འདིའི་བྱ་འགུལ་ཁྲོད་དུ་རྐང་བགྲོད་དགའ་ཞེན་ཅན་གྱིས་དངོས་སུ་བྱང་ཐང་གི་ཁྱད་ཆོས་ཟབ་མོ་ལྡན་པའི་དམངས་སྲོལ་རིག་གནས་དང་གནམ་མཚོ་ཕྱུག་མོའི་མི་ཆོས་རིག་གནས་སོགས་ཚོར་མྱོང་བྱེད་ཐུབ་པ་རེད།མཛེས་སྡུག་ལྡན་པའི་བྱང་ཐང་རྩྭ་ཐང་དང་བརྗིད་ཆགས་ལྡན་པའི་གདང་ལ་རི་བོའི་འགྲམ།དྭངས་གཙང་ཅན་གྱི་གནམ་མཚོ་ཕྱུག་མོ་སོགས་བརྒྱུད་ནས་རྐང་བགྲོད་ཅན་སྐྱོད་དགོས་པ་རེད།དེ་དང་དུས་མཚུངས་སུ་རྐང་བགྲོད་ལམ་ཐིག་སྟེང་དུ་སྤྱི་ལེ་བཞི་རེའི་མཚམས་སུ་ལྷ་སའི་ཁྱད་ཆོས་ལྡན་པའི་འགྲེམ་སྟོན་ས་གནས་རེ་བཙུགས་ཡོད་ལ། དེའི་ཁྲོད་དུ་གླུ་གར་འཁྲབ་སྟོན་བྱ་ཡུལ་དང་། ལྷ་མོའི་ཟློས་གར་འཁྲབ་སྟོན་བྱ་ཡུལ། འོ་བཟོ་ཐོན་རྫས་འགྲེམ་སྟོན་ཁུལ། ལག་ཤིས་བཟོ་ལས་འགྲེམ་སྟོན་ཁུལ་སོགས་འདུས་ཡོད་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ལྷ་ས་ས་ཁུལ་གྱི་མཐོ་སྒང་ཡུལ་སྐོར་ཐོན་རྫས་ཀྱི་ཚོང་རྟགས་བཟོ་སྐྲུན་བྱེད་པའི་ཆེད་དུ། ལྷ་ས་ས་ཁུལ་གྱིས་མང་ཚོགས་ཀྱི་ལུས་རྩལ་འགུལ་སྐྱོད་སྐུལ་སྤེལ་བཏང་བ་དང་། ས་ཁུལ་དེ་གའི་རང་བྱུང་དང་མི་ཆོས་རིག་གནས་ཀྱི་སྙིང་བཅུད་རྔོག་འདོན་སོགས་བྱས་ཏེ། ཐེངས་འདིའི་ཚོགས་ཆེན་གྱིས། བོད་ལྗོངས་ཀྱི་མི་རིགས་ཁྱད་ཆོས་ཕྱུར་མངོན་བྱེད། རྒྱལ་སྤྱིའི་རིག་གནས་འབྲེལ་འདྲིས་སྐུལ་འདེད་གཏོང་། བོད་ལྗོངས་ཀྱི་སྐྱེས་ཁམས་ཐོན་ཁུངས་ཁྱབ་བསྒྲགས་གཏོང་།ཐན་ཉུང་བའི་འཚོ་བར་སྐུར་སློང་གཏོང་ཞེས་པ་སོགས་རྩ་དོན་དུ་བཟུང་ནས། རྒྱུན་ཆད་མེད་པར་བོད་ལྗོངས་ཀྱི་ཡུལ་སྐོར་རྣམ་གྲངས་ཕུན་སུམ་ཇེ་ཚོགས་དང་། བོད་ལྗོངས་ཀྱི་ཡུལ་སྐོར་ཚོང་རྟགས་ཀྱི་རྒྱལ་སྤྱིའི་སྟེང་གི་མིང་གྲགས་ཇེ་ཆེར་གཏོང་བ་སོགས་བྱས་ནས།རྐང་བགྲོད་དགའ་ཞེན་ཅན་བདེ་སྐྱིད་ཀྱི་ལམ་དུ་གོམ་ཁ་ཕྱོགས་པ་བྱེད་དགོས།ཚོགས་ཆེན་གྱིས་བོད་ལྗོངས་ས་ཁུལ་གྱི་རྐང་བགྲོད་དགའ་ཞེན་ཅན་དག་བྱ་འགུལ་དུ་ཞུགས་པར་སྐུལ་སློང་བྱེད་པ་རེད།  །

  • ལེ་ཚན་སྔོན་མ།:ཞི་ཅིན་ཕེན་གྱིས་ཝུའུ་ཧན་ནས་ཞིང་ཆེན་དང་གྲོང་ཁྱེར་ཁ་ཤས་ཀྱི་འགན་ཁུར་པའི་བཞུགས་མོལ་ཚོགས་འདུ་བསྡུས་པ།
  • ལེ་ཚན་རྗེས་མ།:འབར་མའི་ཙུང་ཐུང་ཝུ་ཏེང་ཧྲེང་གིས་ཧྥན་ཁྲང་ལོང་དང་མཇལ་འཕྲད་གནང་།
  • དོ་སྣང་ཆེ་བའི་རྩོམ།