བོད་ལྗོངས་འཕྲིན་དྲ 2013-07-24
ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཀྱིས་སྤྱི་ལོ2010ལོར་རོགས་སྐྱོར་ཁ་གཏད་ཀྱི་དཔལ་འབྱོར་དཀའ་ངལ་གྱི་ཚད་གཞི་དམའ་རུ་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ནང་ཡོང་འབབ་མ་མཐའི་འཚོ་བ་འགན་སྲུང་མ་དངུལ་གྱི་ལྡབ་གཉིས་མན་ལས་མེད་མཁན་དང་། གནོད་འཚེས་རྐྱེན་པས་རྒྱལ་ཁབ་ཀྱི་རོགས་སྐྱོབ་དང་ལེན་བྱེད་མཁན། དཔལ་འབྱོར་ཐད་དཀའ་ངལ་འཕྲད་དེ་ཁྲིམས་ལུགས་ཞབས་ཞུའི་གྲོན་དངུལ་སྤྲོད་མི་ཐུབ་པའི་མི་སྣ་གཞན་དག་བཅས་ཁྲིམས་ལུགས་རོགས་སྐྱོབ་ཁྱབ་ཁོངས་ནང་བཅུག་ཡོད་པ་རེད།
སྤྱི་ལོ2013ལོའི་སྤྱི་ཟླ6པའི་ཟླ་མཇུག་བར། བོད་ལྗོངས་ཀྱིས་བསྡོམས་པས་རྫོང་རིམ་པ་ཡན་གྱི་ཁྲིམས་ལུགས་རོགས་སྐྱོར་ཚན་པ81བཙུགས་ཡོད་པ་དང་། འདས་ཟིན་པའི་ལོ5ཡི་ནང་རང་ལྗོངས་ཀྱིས་ཁྲིམས་ལུགས་རོགས་སྐྱོར་གྱོད་གཞི6687བདག་སྤྲོད་བྱས་པ་དང་བློ་འདྲི་བྱེད་མཁན་མི་གྲངས་ཁྲི6ལྷག་ལ་སྣེ་ལེན་ཞུས་ཡོད་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10