ཀྲང་གོ་ལིས་ཀྱིས་ཀོས་ཀྲིག་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-07-24

ཀྲང་གོ་ལིས་ཀྱིས་ཀོས་ཀྲིག་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་པ།

  སྤྱི་ཟླ7པའི་ཚེས20ནས་ཚེས21ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ལིས་ཀྱིས་ཀོས་ཀྲིག་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད། འདི་ནི་སྤྱི་ཟླ7པའི་ཚེས21ཉིན་ཀྲང་གོ་ལིས་ཀྱིས་ཙོང་དབྱི་གྲོང་ཁྱེར་ཙོང་དབྱི་རྫོང་ཧྲུའུ་ཁྲི་སྡེ་བའི་ཞིང་སྡེ་གསར་བ་བསྐྲུན་པའི་གནས་ཚུལ་ལ་རྟོག་ཞིབ་མཛད་པའི་ཚུལ་རེད། 

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ7པའི་ཚེས20ནས་ཚེས21ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ལིས་ཀྱིས་ཀོས་ཀྲིག་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་དེ། དཔལ་འབྱོར་འཁོར་སྐྱོད་དང་། སྐྱེ་ཁམས་འཛུགས་སྐྲུན། ཚན་རྩལ་གསར་སྐྲུན། དམངས་འཚོ་འགན་སྲུང་། ཞིང་སྡེ་གསར་བ་བསྐྲུན་པ་སོགས་ཕྱོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད། རྟོག་ཞིབ་མཛད་པའི་སྐབས་སུ། ཀྲང་གོ་ལིས་ཀྱི་ཡུལ་དངོས་ནས་ཀོས་དབྱང་མཁར་གྲོང་འཆར་འགོད་འགྲེམ་སྟོན་ཁང་དང་། ཧོ་ཐེན་གློག་འོད་ཚན་རྩལ་ཚད་ཡོད་ཀུང་ཟི། ཕུན་ཅ་ཝན་མཁར་དཀྱིལ་སྡེ་བ་ཆེན་པོའི་ཁང་རྙིང་ཁུལ་སྒྱུར་བཀོད་ལས་གཞི་བཅས་ལ་རྟོག་ཞིབ་མཛད་པ་དང་། ཙོང་དབྱི་རྫོང་ལུང་ཁིན་གྲོང་བརྡལ་ཧྲུའུ་ཁྲི་སྡེ་བར་སོང་ནས། སྡེ་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་རྒྱུས་ལོན་མཛད་པར་མ་ཟད། བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་དེ། སྔ་གཞུག་ཏུ་ས་གནས་འགན་ཁུར་བློ་མཐུན་དང་གཞི་རིམ་མང་ཚོགས་ཀྱིས་དཔལ་འབྱོར་བྱ་བ་དང་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་བའི་ཐད་བཏོན་པའི་བསམ་འཆར་དང་གྲོས་གཞི་ལ་ཉན།

  ཀྲང་གོ་ལིས་ཀྱིས་ཀོས་ཀྲིག་གིས་ཆུ་ཚད་མཐོ་བའི་དཔལ་འབྱོར་འཕེལ་སྟངས་མྱུར་དུ་སྒྱུར་ནས། དེང་རབས་ཐོན་ལས་ཀྱི་མ་ལག་འཛུགས་པ་དང་། ཚན་རིག་ལྟར་འཆར་འགོད་བྱེད་པ་དང་། སྒྲིག་སྟངས་ལེགས་སྒྲིག་འཚམ་པོ་བྱས་ཏེ། རྨང་གཞིའི་སྒྲིག་ཆས་ལེགས་པོར་འཛུགས་སྐྲུན་བྱེད་པ་དང་། འདུ་ཤེས་གསར་བར་བརྟེན་ནས་ཁོར་ཡུག་སྲུང་སྐྱོབ་དང་། སྐྱེ་ཁམས་ལེགས་པའི་ཀོས་ཀྲིག་བསྐྲུན་པ། མཁར་གྲོང་གཅིག་གྱུར་གྱིས་འཕེལ་རྒྱས་སུ་གཏོང་བ་དང་། མཁར་གྲོང་ཅན་དུ་བརྟན་པོའི་ངང་སྒྱུར་བ། དབུལ་སེལ་བྱ་ལེགས་པོར་སྒྲུབ་པ་དང་། མི་རིགས་ས་ཁུལ་གྱི་མཆོང་སྐྱོད་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཡོངས་དང་ལྷན་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་འབད་བརྩོན་བྱེད་དགོས་པའི་ཐུགས་རེ་བཏོན།  །

ཀྲང་གོ་ལིས་ཀྱིས་ཀོས་ཀྲིག་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་པ།

  འདི་ནི་སྤྱི་ཟླ7པའི་ཚེས21ཉིན་ཀྲང་གོ་ལིས་ཀྱིས་ཙུང་དབྱི་གྲོང་ཁྱེར་ཙོང་དབྱི་རྫོང་གི་ཧྲུའུ་ཁྲི་སྡེ་བར་རྟོག་ཞིབ་མཛད་སྐབས་སྡེ་དམངས་དང་གླེང་མོལ་བྱེད་པའི་ཚུལ་རེད།

 ཀྲང་གོ་ལིས་ཀྱིས་ཀོས་ཀྲིག་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་པ།

  འདི་ནི་སྤྱི་ཟླ7པའི་ཚེས20ཉིན་ཀྲང་གོ་ལིས་ཀྱིས་ཀོས་དབྱང་གྲོང་ཁྱེར་ནས་ཕུན་ཅ་ཝན་མཁར་དཀྱིལ་སྡེ་བ་ཆེན་པའི་ཁང་རྙིང་ཁུལ་སྒྱུར་བཀོད་ལས་གཞི་ལ་རྟོག་ཞིབ་མཛད་པའི་ཚུལ་རེད།

  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱི་ཁྲིམས་ལུགས་རོགས་སྐྱོབ་སྒྲིག་གཞི་ཆ་ཚང་དུ་ཕྱིན་པ།
  • ལེ་ཚན་རྗེས་མ།:འཛམ་གླིང་སྟེང་ཆེས་རིང་བའི་བོད་ཡིག་ཡིག་གཟུགས་ཤོག་དྲིལ་རིང་མོ་ཞོ་སྟོན་སྟེང་འགྲེམ་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།