ཧང་ཀྲོའུ་གྲོང་ཁྱེར་དང་རང་ཁུལ་བར་ཤར་ནུབ་དབུལ་སྐྱོར་རོགས་ལས་ཀྱི་བཞུགས་མོལ་ཚོགས་འདུ་དར་མདོ་རུ་འཚོགས།
སྒྲོལ་མ་ཚེ་མཚོས་བསྒྱུར། 2013-07-23
ཟླ་བ7པའི་ཚེས13ཉིན་ཀྲེན་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་དང་རང་ཁུལ་བར་ཤར་ནུབ་དབུལ་སྐྱོར་རོགས་ལས་ཀྱི་བཞུགས་མོལ་ཚོགས་འདུ་དར་མདོར་འཚོགས་པ་རེད།
ཁུལ་ཨུའི་རྒྱུན་ཨུ།ཞིང་ལས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་དབྱང་ཁའེ་ཡིས་བཞུགས་མོལ་ཚོགས་འདུའི་གཙོ་འགན་བཞེས་ནས་གསུང་བཤད་གལ་ཆེན་གནང་བ་རེད།ཀྲེན་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་གྱི་དཔལ་འབྱོར་མཉམ་ལས་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ལུའི་པིང་དང་།ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧྲུའུ་ཏ་ཁྲུན་རྣམ་གཉིས་གྲོས་ཚོགས་ནང་ཞུགས་ནས་གསུང་བཤད་གནང་བ་རེད།
དབྱང་ཁའེ་ཡིས་ཁུལ་གྱི་ཚོགས་པ་ཆེན་པོ་བཞི་དང་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཚབ་ཞུས་ནས་ལུའི་པིང་དང་ལྷན་ཕེབས་བཅས་པ་ཕེབས་ཡོང་བར་དགའ་བསུ་ཞུས་པ་དང་བཀའ་དྲིན་ཆེ་ཞུས་པ་རེད།
དབྱང་ཁའེ་ཡིས་ནན་གསུང་གནང་དོན།ཕྱོགས་གཉིས་ཀས་མཉམ་ལས་བྱེད་པ་ནི་སྤྱིར་བཏང་གི་སྦྱིན་རྒྱུ་དང་ལེན་རྒྱུ་ཙམ་མིན་པར།དེ་བས་མིག་སྔར་དང་བསྟུན་ནས་རྒྱང་རིང་ལ་དམིགས་པ།ཐུན་མོང་དུ་མཐུན་རྐྱེན་ཕན་ཚུན་ཁ་གསབ་བྱེད་པ་དང་།མཉམ་ལས་མཉམ་ཁེ་ལས་ཀའི་ཁོར་ཡུག་བཟོ་སྐྲུན་བྱེད་དགོས།ཕྱོགས་གཉིས་ཀས་ཕྱིན་ཆད་ཀྱི་མཉམ་ལས་ནང་སྔར་ལྷག་གིས་ལས་འགན་ཁག་ལ་དབྱེ་ཞིབ་ཞིབ་ཕྲ་བྱེད་པ་དང་དམིགས་ཚད་བགོ་བ།འགན་འཁྲི་དོན་འཁྱོལ་བྱས་ནས་བྱེད་ཐབས་ཞིབ་ཕྲ་དང་དམིགས་ཡུལ་བཏོན་ཞིང་།ཐུན་མོང་དུ་ལོ་རྟག་པར་དབུལ་སྐྱོར་རྣམ་གྲངས་དང་ལག་བསྟར་འཆར་གཞི་གཏན་འཁེལ་བྱེད་དགོས།དབུལ་སྐྱོར་རོགས་ལས་མཉམ་འབྲེལ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ཁྱོན་ཡོངས་ནས་ཤར་ནུབ་བར་དབུལ་སྐྱོར་རོགས་ལས་ལས་ཀར་ཁག་ཐེག་བྱེད་དགོས།དུས་མཚུངས་སུ་རང་ཁུལ་གྱི་དབུལ་སྐྱོར་བྱ་ཡུལ་ལ་ངེས་པར་དུ་མ་སྐུལ་དང་བླངས་ཀྱིས་རོགས་ལས་ལས་ཀར་ཤུགས་སྣོན་རྒྱག་དགོས།ཧང་ཀྲོའུ་གྲོང་ཁྱེར་གྱི་ཁ་གཏད་བྱེད་སའི་ས་ཁུལ་དང(རྫོང་)གི་འགོ་ཁྲིད་དང་ཆེད་རམས་པ་རྣམས་རྫོང་དུ་ལས་ཀར་ཁྲིད་སྟོན་བྱེད་སར་ཡོང་བར་སྤྲོ་སེམས་འཁོལ་བའི་ངང་ནས་གདན་འདྲེན་ཞུ་དགོས།རྒྱུན་ཆད་མེད་པར་དབུལ་བྲལ་ཕྱུག་སྒྱུར་གྱི་བྱེད་ཐབས་ཕུན་སུམ་ཚོགས་པོ་བྱེད་པ་དང་།རྒྱུན་ཆད་མེད་པར་ཕྱུག་འགྱུར་གྱི་ལམ་བུ་རྒྱ་སྐྱེད་གཏོང་དགོས།ཁུལ་དང་རྫོང་གིས་དབུལ་སྐྱོར་རོགས་ལས་རྣམ་གྲངས་མ་དངུལ་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རིགས་མཐུན་འཛུགས་སྐྲུན་མ་དངུལ་ཡག་པོ་སྤྱོད་པ་དང་དོ་དན་སྤྱོད་པ།སྤྱོད་པར་ཕན་འབྲས་དངོས་ཐོབ་པ་བྱེད་དགོས།