བོད་སྐད་ཡིག་རྩོམ་རིག་ཆེད་ལས་འཛུགས་སྐྲུན་དང་ལོ་ཙཱའི་ཐད་ཀྱི་གྲོས་ཚོགས་བསྡུས།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2013-07-23

  ཉེ་སྔོན། ཀན་སུའུ་མི་རིགས་དགེ་ཐོན་སློབ་གླིང་གིས་གཙོ་སྒྲུབ་གནང་བའི་རྒྱལ་ཡོངས་མི་རིགས་མཐོ་རིམ་སློབ་གྲྭའི་བོད་སྐད་ཡིག་རྩོམ་རིག་ཆེད་ལས་སློབ་ཁྲིད་ཀྱི་གྲོས་ཞིབ་ཚོགས་འདུ་སྐབས་དགུ་བ་ཀན་སུའུ་མི་རིགས་དགེ་ཐོན་སློབ་གླིང་དུ་བསྡུས་ཤིང་། བོད་ལྗོངས་དང་མཚོ་སྔོན། ཀན་སུའུ། སི་ཁྲོན་སོགས་ཀྱི་མི་རིགས་སློབ་གླིང14ནས་ཡོང་བའི་ཆེད་མཁས་པ་དང་ཤེས་ཡོན་པ60ལྷག་ཐེངས་འདིའི་ཚོགས་འདུར་ཞུགས།
        གྲོས་ཚོགས་སུ། ཚོགས་ཞུགས་འཐུས་མི་སོ་སོས་ད་ལྟའི་མི་རིགས་སློབ་གླིང་གི་བོད་སྐད་ཡིག་རྩོམ་རིག་ཆེད་ལས་འཛུགས་སྐྲུན་བྱ་བའི་སྐོར་དང་། རྨང་གཞི་ཤེས་བྱ་བོད་ཡིག་གིས་སློབ་ཁྲིད་དང་མཐོ་རིམ་སློབ་གླིང་གི་བོད་སྐད་སློབ་གསོའི་བར་གྱི་འབྲེལ་བ། བོད་རྒྱ་སྐད་གཉིས་སློབ་གསོ་དཔྱད་བསྡུར་མ་ལག་གི་འཛུགས་སྐྲུན་གནད་དོན་ཇི་ལྟར་ཐག་གཅོད་བྱེད་པ། བོད་རྒྱ་སྐད་གཉིས་ཀྱི་ལོ་ཙཱ་སྤྱི་དང་། ནང་སྒོས་སུ་དྲ་རྒྱ་དང་། ཚན་རྩལ། བརྡ་ཆད་གསར་བ་སོགས་ཀྱི་ལོ་ཙཱ་ཡང་དག་མིན་པ་དང་གཅིག་གྱུར་མིན་པ་དག་ཇི་ལྟར་ཚད་ལྡན་དུ་གཏོང་བའི་ཐད་ནས་བསམ་བློ་བརྗེ་རེས་བྱས།
        གྲོས་ཚོགས་འདིས་རྒྱལ་ཡོངས་མི་རིགས་མཐོ་རིམ་སློབ་གྲྭའི་བོད་སྐད་ཡིག་རྩོམ་རིག་ཆེད་ལས་འཛུགས་སྐྲུན་དང་སློབ་ཁྲིད་བྱ་བར་སྐུལ་ལྕགས་དང་། བོད་རྒྱ་སྐད་གཉིས་ཀྱི་མཐོ་རིམ་སློབ་གསོའི་སློབ་ཁྲིད་ཀྱི་ཆུ་ཚད་དང་སྤུས་ཀ་སྔར་ལས་མཐོར་འདེགས་སུ་གཏོང་བ། དེར་མ་ཟད་མི་རིགས་ས་ཁུལ་གྱི་སློབ་གསོར་སྐུལ་འདེད་གཏོང་བའི་ཐད་ནས་ཀྱང་དགེ་མཚན་ཆེན་པོ་བསྐྲུན་ཡོད།
  • ལེ་ཚན་སྔོན་མ།:ཧང་ཀྲོའུ་གྲོང་ཁྱེར་དང་རང་ཁུལ་བར་ཤར་ནུབ་དབུལ་སྐྱོར་རོགས་ལས་ཀྱི་བཞུགས་མོལ་ཚོགས་འདུ་དར་མདོ་རུ་འཚོགས།
  • ལེ་ཚན་རྗེས་མ།:ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་སྤྱི་ཟླ8པའི་ཚེས26ཉིན་ཚོགས་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།