རང་རྒྱལ་གྱིས་ནོར་སྲིད་མ་དངུལ་གྱིས་རང་རྒྱལ་ནས་ཐོན་པའི་སྨན་བཅོས་སྒྲིག་ཆས་དམིགས་སུ་བཀར་ནས་ཉོ་སྒྲུབ་བྱེད་པར་ཁག་ཐེག་བྱ།
མིག་དམར་གྱིས་བསྒྱུར། 2013-07-22
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ6པའི་ཚེས25ཉིན་འབྱོར་བའི་གཏམ་གསར། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་ཇུས་འགོད་དང་བརྡ་འཕྲིན་སིའི་སི་ཀྲང་ཧོའུ་ཡན་གྱིས་གོང་ཚེས་ཉིན་དྲ་བ་སྤྱོད་མཁན་གྱིས་དྲ་ཐོག་སྨན་བཅོས་སྒྲིག་ཆས་ཉོ་སྒྲུབ་ཀྱི་གནད་དོན་ལ་བསམ་འཆར་བརྗེ་རེས་བྱེད་སྐབས་བཤད་རྒྱུར། སྲིད་གཞུང་གི་ཉོ་སྒྲུབ་བྱ་རྒྱུའི་སྐོར་གྱི་བཅའ་ཁྲིམས་ལག་ལེན་ནན་པོ་བྱས་ཏེ་ནོར་སྲིད་མ་དངུལ་གྱིས་རང་རྒྱལ་ནས་ཐོན་པའི་སྨན་བཅོས་སྒྲིག་ཆས་དམིགས་སུ་བཀར་ནས་ཉོ་སྒྲུབ་བྱེད་པར་ཁག་ཐེག་བྱེད་དགོས།
ཧུའོ་ཡན་གྱིས་བཤད་རྒྱུར། སྨན་བཅོས་སྒྲིག་ཆས་ཐོན་ལས་ཀྱི་ལག་རྩལ་མང་འདུས་དང་ཚན་རྩལ་འདྲེས་ཚད་མཐོ་བ། མིག་སྔར་དེ་རྒྱལ་ཁབ་ཚན་རྩལ་ཡར་ཐོན་ཡོང་བར་སྐུལ་ཁྲིད་དང་། རིག་གཞུང་ཚན་ཁག་མང་བའི་ཚན་རྩལ་ཡར་ཐོན་ཡོང་བར་སྐུལ་ཁྲིད་གཏོང་བའི་འཕེལ་རྒྱས་ཀྱི་སྒུལ་བྱེད་འཕྲུལ་འཁོར། ཐོན་ལས་ཀྱི་རྣམ་པ་བསྒྱུར་ནས་རིམ་པ་འཕར་བར་སྐུལ་འདེད་གཏོང་བ། དཔལ་འབྱོར་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱེད་པའི་གལ་ཆེ་བའི་སྒུལ་ཤུགས་བཅས་ལ་གྱུར་ཡོད། སྨན་བཅོས་སྒྲིག་ཆས་ཀྱང་སྨན་བཅོས་བཅོས་བསྒྱུར་ཟབ་ཏུ་གཏོང་བ་དང་། སྨན་བཅོས་འཕྲོད་བསྟེན་གྱི་བྱ་གཞག་བདེ་ཐང་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་དངོས་པོའི་རྨང་གཞི་དང་ལག་རྩལ་འགན་ལེན་ཡིན་པ། རང་རྒྱལ་ནས་ཐོན་པའི་སྨན་བཅོས་སྒྲིག་ཆས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དེ་སྨན་བཅོས་ཀྱི་མ་གནས་དམའ་རུ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་ནད་ལྟ་དཀའ་བའི་དཀའ་གནད་ཞི་ལྷོད་དུ་གཏོང་བ། གསར་དར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་བཅས་ལ་གལ་ཆེ་བའི་དོན་སྙིང་ལྡན་པ་རེད།