ནང་སོག་ཏུ་ལོ་སྟོད་ལ་གྲོང་རྡལ་གྱི་ལས་ཞུགས་མི་སྣ་ཁྲི16གསར་སྣོན་བྱུང་བ།

གངས་སྐྱིད་ཀྱིས་བསྒྱུར།        2013-07-22

 ཞིན་ཧྭ་གསར་འགྱུར་ཁང་ཧུའུ་ཧོ་ཧའོ་ཐེ་ནས་ཟླ་བ7པའི་ཚེས7ཉིན་འབྱོར་བའི་གཏམ་གསར། ནང་སོག་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་ལེན་ཐིང་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་བ་དང་པོ་ནས་ཟླ་བ6པའི་བར་ནང་སོག་གི་གྲོང་རྡལ་དུ་ལས་ཞུགས་མི་སྣ་ཁྲི16གསར་སྣོན་བྱུང་ནས་ལོ་འཁོར་འཆར་གཞིའི་བརྒྱ་ཆ61ཧ་ལམ་ལེགས་འགྲུབ་བྱུང་ཡོད། གྲོང་རྡལ་དུ་ལས་ཤོར་ཐོ་འགོད་བྱེད་ཚད་བརྒྱ་ཆ3.6ཡིན་པས། ལོ་འགོར་གཏན་འཁེལ་བྱས་པའི་ཚོད་འཛིན་དམིགས་ཡུལ་ལས་བརྒྱ་ཆའི་གྲངས་ཀ0.36དམའ་བ་རེད།
    ངོ་སྤྲོད་བྱས་པར་གཞིགས་ན། ད་ལོ་ནས་བཟུང་ནང་སོག་གིས་སྔར་ལས་ལྷག་པར་ལས་ཞུགས་གསར་སྐྲུན་གྱི་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་ཞུགས་ཀྱི་ལམ་བུ་རྒྱ་སྐྱེད་གཏོང་བ། ལས་ཞུགས་ཀྱི་གཞི་ཁྱོན་རྒྱ་སྐྱེད་གཏོང་བ། གཙོ་གནད་དུ་སློབ་གྲྭ་ཆེན་མོའི་སློབ་ཐོན་སློབ་མ་དང་། ཞིང་སྡེ་དང་འབྲོག་ཁུལ་གྱི་མི་ལག་ལྷག་མ། ལས་ཞུགས་བྱེད་དཀའ་བའི་མི་སྣ། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་སོགས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཙོ་གནད་མི་སྣའི་ལས་ཞུགས་ལས་ཀ་ཡག་པོ་བསྒྲུབས་ཏེ་རིམ་བཞིན་དུ་སྤུས་ཚད་མཐོན་པོའི་ལས་ཞུགས་བྱེད་པར་མངོན་འགྱུར་བྱ་རྒྱུ།
    ནང་སོག་གིས་སྔར་ལས་ལྷག་པར་རྩལ་ནུས་གསོ་སྐྱོང་སྦྱོང་བརྡར་དང་། ལས་རིགས་གསོ་སྐྱོང་སྦྱོང་བརྡར། གནས་སྤོ་ལས་ཞུགས་སོགས་ལས་ཞུགས་ཀྱི་ཞབས་འདེགས་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། ལས་ཞུགས་གོ་སྐབས་དེ་བས་མང་བ་དང་། དེ་བས་ཡག་པོ། དེ་བས་དྲང་གཞག་གི་ལས་ཞུགས་ཁོར་ཡུག་བསྐྲུན་ནས་ལས་ཀ་འཚོལ་མཁན་ཚོས་དེ་བས་བདེ་བླག་དང་དེ་བས་བརྟན་པོའི་སྒོས་ལས་ཞུགས་བྱེད་པར་སྐུལ་འདེད་བཏང་ཡོད། སྔོན་གྱི་ཟླ་བ6གི་རིང་ལ་ནང་སོག་གིས་མི་ཁྲི6.2ལ་རྩལ་ནུས་ཐད་ཀྱི་གསོ་སྐྱོང་སྦྱོང་བརྡར་བྱས་ཡོད། དེའི་ནང་གསོ་སྐྱོང་སྦྱོང་བརྡར་བྱས་རྗེས་ལས་ཞུགས་བྱེད་ཐུབ་མཁན་ཁྲི5.7ལ་བསླེབས་ཏེ་ལོ་འཁོར་འཆར་གཞིའི་བརྒྱ་ཆ52ལེགས་འགྲུབ་བྱུང་བ་རེད།
  • ལེ་ཚན་སྔོན་མ།: ལུའུ་ཧྲན་ས་འགུལ་གནོད་རྗེས་ཉམས་གསོ་བསྐྱར་འཛུགས་བྱེད་པའི་སྤྱིའི་འཆར་འགོད་བཏོན།
  • ལེ་ཚན་རྗེས་མ།: རང་རྒྱལ་གྱིས་ནོར་སྲིད་མ་དངུལ་གྱིས་རང་རྒྱལ་ནས་ཐོན་པའི་སྨན་བཅོས་སྒྲིག་ཆས་དམིགས་སུ་བཀར་ནས་ཉོ་སྒྲུབ་བྱེ
  • དོ་སྣང་ཆེ་བའི་རྩོམ།